| e-texts navigator |
| Wylie |
185b1 དམྱིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཡོན་ཏན་གོང་།
185b2 མའི་རྣམས་རྫོགས་པར་འགྱུར་རོ།། ལྔ་གང་ཞེ་ན། གཏོང་བའི་སེམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སེམས་ཅམ་ལ་ཕན་པ་དང་། བདེ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བྱམས་པ་ཆེན་པོ་བསྐྱེད
185b3 པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྙིང་རྗེ་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།།
185b4 འཇིག་རྟེན་འཛིནད་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ན་མ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་མས། ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ།། ལྔ་གང་ཞེ་ན
185b5 ཚུལ་ཁྲིམས་བསྲུངས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ད། ང། ཚུལ་ཁྲིམས་བསྲུངས་པ་ལ་མ་ཆགས་པའི་རྣམ་པར་དག། པའི་ཡེ་ཤེས་ཀྱི་སྟོབས་དང་། བཟོད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི
185b6 སྟོབས་དང་། བཟོད་པ་ལ་མ་ཆགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱིསྟོབས་དང་། མལ་དུ་ཐོས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབ་ས་དང་སྭའོ།། འཇིག་རྟེན་འཛི་དང་གཞམ་ཡང་རྣམ་པར་དག་པའི
185b7 ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཡོན་ཏན་ཀོང་མའི་རྣམས་རྫོགས་པར་འགྱུར་རོ།། ལྔ་གང་ལེན། ལྷག་པའི་བརྩོམ་འགྲུས་རྣམ་པར་དྲག་པའི
185b8 སེ་ཤེས་ཀྱི་སྟོབས་དང་། བརྩོན་འགྲུས་ལེན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བསམ་གཏན་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བསམ་གཏན་གྱི་ཐབས་རྣམ་པར་དག་པའི་ཡེ་ཤེས
185b9 ཀྱི་སྟོབས་དང་། ཞི་གནས་དང་ལྷག་མཐོང་གི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ