e-texts navigator
Collection
Volume
Page
Wylie

184b1 པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཞི་ད་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན།
184b2 བཀྲི་བའི་དོན་གྱི་མདོ་སྟེ་ལ་ཤིན་ཏུ་མཁས་པ་དང་། ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མྱི་འབྲང་བ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་མ་མྱེད།
184b3 བའི་ཡེ་ཤེས་ལ་བདེ་བར་གནས་པ་སྟེ། འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་ཐམས་ཅད་ཀྱི་རྣམ་གྲངས། རྣམ་པར་འབྱེད
184b4 པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ།། འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ལུས་འདི་བོར་ནས་བླ་ན་མྱེད།
184b5 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མྱི་འ།། ཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ།། བཞི་གང་ཞེ་ན། དགེ་བ་དང་མྱི་དགེ་བའི་ཆོས་ལ་ཤི་ནད་ཏུ་རྟོགས་པ་དང་། དྲན་པ་དང་།
184b6 ཤེས་རབ་ཕུལ་ཏུ་གྱུར་པ་དང་། སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་སྤངས་པ་དང་། ནམ་དུ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཀྱི་དྲན་པ་མྱི་ཉམས་པ་དང་བཞིའོ།། འཇིག་རྟེན་འཛིན
184b7 གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ལུས་འདི་བོར་ནས་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མྱི་འཆད་པའི་དྲན་པ་དང་ལྡན
184b8 བར་འགྱུར་རོ།། བཞི་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་། རྣམ་པར་འབྱེད་པའི་ཤེས་རབ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་། ཏིང་ངེ་འཛིནད་རྣམས་ཀྱི་ཐོག་མར། ཤེས་རབ་གཏོང་བ
184b9 དང་། ངེས་པའི་ཤེས་རབ་ཁོང་དུ་ཆུད་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ལུས་འདི་བོར་ནས་ནམ་བླ་ན་མྱེད་པ་ཡང་དག




iiif viewer powered by OpenSeadragon

184a - 185a

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo