| e-texts navigator |
| Wylie |
184a1 དབང་པོབ་པ་དང་། མྱུ་ཏུརྣམ་པ་མ་དག་པའི་ཞེས་རབ་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཡེ་ཤེས་ཀྱི་ཕ་རོ་སོ་ཏུ་ཕྱིན་པ་རྫོགས་པར་ཞོམ་པའོ།། འཇིག་རྟེན་འཛིན་འདི་དག་མི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང
184a2 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་ཐམས་ཅད་ཀྱི་ནམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་།། ཤེས་རབ་ལ་ནམ་ཏམ་བྱེད་པ་ཡིན་ནོ།། འཇིག་རྟེན་འཛི་གཞམ་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི
184a3 བྱང་ཆུབ་སེམས་དཔའ་སེམས་དཔལ་ཆེན་པོ་རྣམས། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་།། ཤེས་རབ་ལ་ནན་ཏམ་བྱེད་པར་འགྱུར་རོ།། བཞི་གང་ཞེམ། ཀུན་འབྱུང་གི་མཚན་ཉིད་ཀྱི་ཆོས
184a4 ཐམས་ཅད་སྒོམ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་དགོག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྐྱེན་ཀྱིས་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། རྒྱུ་དང་རྐྱེན་ཀྱིས་ཐབས
184a5 ལ་འཇུག་པ་རང་བཞིའོ།། འདིགྷྲ་ཉེན་འཛིན་གཞན་ཡང་ཆོས་ན་མ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔལ་ཆེ། ན་པོ་རྣམས།། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ
184a6 མཁས་ཤིང་། ཤེས་རབ་ལ་ཞེན་ཏན་བྱེད་པར་འགྱུར་རོ།། བཞི་ཀ་ཞེ་ན། སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། ཀུན་འབྱུང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། འགོག་པའི
184a7 ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། འགོག་པ་དང་ལམ་གྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
184a8 པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་རྣམས་འདུ་བ་དང་། འཇིག་པའི་སྦྱོར་བ་ལ་མཁས་པ་དང་།
184a9 སྔོན་གྱི་རྒྱུས་མཐུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་ཇི་དང་ཅིས་འདུལ་བ་ལ་ཤིན་ཏུ་མཁས་པ་དང་། ཡི་གེ་དང་འབྲུ་དང་ཚིག་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས