| e-texts navigator |
| Wylie |
183b1 དྲན་པའི་མཐུ་ཐོབ་པར་འགྱུར་རོ།། བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། རྟག་ཏུ་ཆོས་ཟབ་མོ་ནན་ཏན་བྱེད་པ་དང་། རྟག་ཏུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བ་ལ་དགའ
183b2 པ་དང་། གསོལ་པ་དང་ཞུ་བ་ལ་དགའ་ཞིང་། ཤེས་རབ་སྒོམ་པ་ལ་མོས་པའོ།། འདི་དག་ནི་ཆོས་རྣམ་པ་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དྲན་པའི་མཐུ་ཐོབ
183b3 བ་ཡིན་ནོ།། འཇིག་རྟེན་འཛིནི་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ
183b4 ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། དས་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། རྣམ་པར་འབྱེད་པ་ལ་ཤིན་ཏུ
183b5 མཁས་པ་དང་། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་མཁས་བ་དང་། ཆོས་ཐམས་ཅད་ཀྱི་སྨྲ་བ་དང་། ཚིག་གི་རྣམ་གྲངས་ལ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་རློས་རྣམ
183b6 བ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མ་ཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེང་པར་འགྱུར་རོ།། བའི་གང་ཞེ
183b7 ར། ཆོས་རྣམས་ཀྱི་ཇི་ལྟ་བའི་གོ་རིམས་ལ་མཁས་པ་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ། བྱུང་བའི་ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་རང་ཏན་བྱ་བའི་ཐབས་དང་ལྡན་པ་དང་། ངེས་པའི་དོན་དང
183b8 ཀྲི་བའི་དོན་གྱི་མདོ་སྟེ། རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ
183b9 གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ལམ་དང་ལམ་མ་ཡིན་པའི་ཤེས་པའི་ཤིན་ཏུ་སློབ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་དོན་ལ་བཤད་པའི