| e-texts navigator |
| Wylie |
183a1 སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར། ཤིན་ཏུ་བརྩོན་འགྲུས་བསྐྱེད་པ་དང་། དྲན་པའི་སྟོབས་ཀྱི་རྒྱུན་མྱི་འཆད་པ་ཐོབ་པར་བྱ་བའི་ཕྱིར། དྲང་བ་མྱི་བརྗེད་པའོ།། འཇིག་རྟེན་འཛིར་འདི་དག་ནི་དོན་རྣམ་པ
183a2 བཞི་མཐོང་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བ་ཡིན་ནོ།། འཇིག་རྟེན་འཛིན་ཆོས་རྣམས་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དྲན་པའི་མཐུ
183a3 ཐོབ་པར་འགྱུར་རོ།། བཞི་གང་ཞེ་ན། ཤེས་རབ་ཤིན་ཏུ་བྱང་བ་དྲན་པའི་ཕྱིར།། རྟག་ཏུ་རྒྱུན་མྱི་འཆད་པའི་བརྩོན་འགྲུས་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་བྱ་བའི་ཕྱིར། ཚེ་གཅིག་པའི་སེམས་ཀྱིས
183a4 རྟག་ཏུ་རྒྱུད་མྱི་འཆད་པ་དང་། ཆོས་ཐམས་ཅད་ཡང་དག་པར་དྲ་ན་པར་བྱ་བའི་ཕྱིར། རྟག་ཏུ་ལེ་ལོ་མྱེད་པ་དང་། ཡང་དག་པ་ཡིད་ལ་བྱ་བའི་ཕྱིར། རྟག་ཏུ་དབང་པོ་རྣམས་སྲུང་བ་དང་བཞིའོ།། འཇིག
183a5 རྟེན་འཛིན་གཞན་ཡང་ཆོས་རྣམས་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དྲན་པའི་མཐུ་ཟོ། བ་པར་འགྱུར་རོ།། བཞི་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པ
183a6 ལ་གནས་པ་དང་།། སྤྱོད་ལམ་རྣམ་པར་དག་པ་དང་ལྡན་པ་དང་། སྤྱོད་པའི་གནས་ཀུན་ཏུ་སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་བསལ་ཏེ། འཇིག་རྟེན་གྱི་ཆོས་ལ་མྱི་ཆགས་པ་དང་། ལས་ཀྱི་སྒྲིབ་པ་དང་། ཉོན
183a7 མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་རྣམས། དྲན་པའི་མཐུ་ཐོབ་པར་འགྱུར་རོ།། བཞི་གང
183a8 ཞེ་ན། མྱི་འཁྲུགས་པའི་སེམས་ཀྱིས་དགེ་བའི་ཆོས་ཚོལ་བ་དང་། སེམས་ཀྱི་མཚན་ཉིད་གཅིག་ལ་གོམས་པར་སྒོམ་པ་དང་། ཆོས་རྣམས་ཀྱི་རྣམ་གྲངས་ལ་ཡང་དག་པར་འཇུག་ཅིང་། ཤིན་ཏུ་མཁས་པ་དང་། འདུ
183a9 འདི་ལ་མྱི་མོས་པས་ཁྱེར་ན་གནས་པ་དང་། རབ་ཏུ་བྱུང་བའི་གང་ཟག་སྤོང་བ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་རྣམས