| e-texts navigator |
| Wylie |
182b1 བཞིའོ།། འཇིག་རྟེན་འཛིནད་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ། བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས།།
182b2 ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བའི་གང་མེར། ཤེས་རབ་ཀྱི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཡེ་ཞེས་ཀྱི་སྤྱོང་ཡུལ་ནམ་པར་དག་པ་ཚོལ་བ་དང་། ཐོགས་པ་མྱེད་པའི་ཡེ་ཞེས་ལ་མོས
182b3 པ་དང་། ཐམས་ཅད་མཁྱེ་ནད་པའི་ཡེ་ཤེས་ཀྱི་སྨོན་ལམ་རྟག་ཏུ་མྱི་སྤོང་བའོ།། འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད
182b4 ལ་བཅོམ་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་དམ་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ།། འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
182b5 པོ་རྣམས། དྲང་པའི་མཐུ་རོལ་བར་འགྱུར་རོ།། བཞི་གང་ཞེ་ན། དྲན་པའི་དབང་པོ་ཡོངས་སུ་རྫོགས་པ་གོམས་པར་བསྒོམ་པ། ར་བྱ་བ་དང་། ཤིན་ཏུ་བདེ་བའི་ཤེས་རབ་སྤྱོད་པ་དང་། དྲན་པ་རྒྱུན
182b6 མྱི་འཆད་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་རྫོགས་པ་རསྒོམ་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་དོན་དམ་པ་ལ་ཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
182b7 དྲན་པའི་མཐུ་ཚོལ་བར་འགྱུར་རོ།། བཞི་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོགས་པར་བྱ་བའི་ཕྱིར། རྟག་ཏུ་དྲན་པ་སེམས་ལ་འཇོག་པ་དང་། དྲང་བའི་དབང་པོ་རྫོབས། སྔོན་གྱི་གནས་ན་བསྒོམ་པ་ཤེས
182b8 པས།། ཤེས་རབ་རྣམ་པར་དག་པ་དང་ལྡན་པ་དང་། དྲན་པ་རྒྱུན་མྱི་འཆད་པ་མྱུར་ཏུ་འཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེ་དད་པའི་ཡེ་ཤེས་ཀྱི་རྒྱུ་བསྐྱེད་པ་དང་བཞིའོ།། འཇིག་རྟེན་འཛིན་དོན་རྣམ་པ་བཞི་མཐོང་བའི
182b9 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ།། བཞི་གང་ཞེ་ན། བསམ་པའི་ཐབས་ཡོངས་སུ་རྫོགས་པ་སྒོམ་པ་དང་། ཡང་དག་པའི་ཡེ་ཤེས་དང་། ཤེས་རབ་སྒོམ་པ་དང