e-texts navigator
Collection
Volume
Page
Wylie

182a1 སེམས་དཔལ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ། བཅོམ་ཞིང་རང་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི
182a2 གང་ཞེ་ན། སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར། སེམས་ཅན་ལ་སེར་སྣའི་དྲི་མ་མྱེད་པ་དང་། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་བདེ་བར་གནས་པས།། བརྩོན
182a3 འགྲུས་སྤྱོད་པ་ལ་བར་ཆད་མྱེད་པ་དང་། ཡང་དག་པར་ཡིད་ལ་བྱེད་པས། ཤེས་རབ་ཀྱི་ཕ་རོལྡ་ཏུ་ཕྱིནད་པ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་བཞིའོ།། འཇིག་རྟེན་འཛིནད་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེཾས
182a4 དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས་ཀྱི་ཡང་དག་པའི་མ་ཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི
182a5 གང་ཞེ་ན། སྨོན་ལམ་ཕུན་སུམ་ཚོགས་པ་ཤིནད་ཏུ་དག་པ་དང་ལྡན།། བ་དང་། སྤྱོད་པའི་ནན་ཏན་ཕུན་སུམ་ཚོགས་པ་རྣམ་པར་དག། པ་དང་ལྡན་པ་དང་། དི་མྱི་སྙམ་པའི་བཟོད་པའི་ཡོན་ཏན་ལ་བདེ
182a6 བར་གནས་པ་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་རྣམ་པར་འབྱེད་པའི་འོད་གཟེར་ཐོབ་པ་དང་བཞིའོ།། འཇིག་རྟེན་འཇི་ནད་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས
182a7 དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང
182a8 ཞེ་ན། མོས་པ་ཆེན་པོས་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཚོལ་བ་དང་། བསམ་གཏན་དང་རྣམ་པར་གྲོལ་བ་དང་། ཏིང་ངེ་འཛིནང་རྣམ་པར་འབྱུང་བ་ལ་ཤི་ནང་ཏུ་མཁས་པས། མོས་པ་ཆེན་པོ་བསྐྱེད་པ་དང་།
182a9 བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེར་པོའི་སེམས་ཐོབ་པར་བྱ་བའི་ཕྱིར། རྣམ་པར་དག་པའི་སྤྱད་པ་སྤྱོད་པ་ལ་སྦྱོར་བ་དང་། ངེས་པའི་དོན་ལ་ཤིན་ཏུ་ལེགས་པར་བསྒོམ་པ་དང




iiif viewer powered by OpenSeadragon

181b - 182b

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo