| e-texts navigator |
| Wylie |
181b1 ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོམ་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་རྣམས་ཀྱི་ངེས་པའི་དོན་ལ་ཤིན་ཏུ་ཤེས་པར་བྱ་བ་དང་།
181b2 ཆོས་རྣམས་ཀྱི་དོན་ཤིན་ཏུ་ཤེས་པར་བྱ་བ་དང་། ཆོས་རྣམས་རྒྱུ་དང་རྐྱེ་ནད་རྣམས་པ་སྣ་ཚོགས་ཤིན་ཏུ་ཤེས་པར་བྱ་བ་དང་། ཆོས་རྣམས་ཀྱི་ཡང་དག་པ་སྒོར་འཇུག་པར་བྱ་བ་དང་བཞི་ལོ།། འཇིག་རྟེན་འཛིན་གཞན་ཡང་དོན་ནམ
181b3 པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར
181b4 འགྱུར་རོ།། འཞི་གང་ཞེན། ཆར་མྱེད་པའི་ཆོས་ཀྱི་མཚན་ཉིད་ཤིམཿཤེས་པར་བྱ་བ་དང་། རང་མྱེད་པའི་ངེས་པའི་ཆོས་བསྒོམ་པ་ལ་ཤིན་ཏུ་མཁས་པར་བྱ་བ་དང་། ཚད་མྱེད་པའི་ཡོན་ཏན་སྤྱོད་པ་འཕེལ་ཞིང
181b5 སྐྱེ་བར་བྱ་བ་དང་། ཆོས་རྣམས་ཀྱི་སྐྱེ་བ་དང་། འགག་པའི་མཚམ་ཉིད་ཤེས་པ་དང་། མཐོང་བར་བྱ་བ་དང་བཞིའོ།། འཇིག་རྟེམ། འདི་ནད་གཞན་ཡང་དོར་རྣམ་པ་བཞི་མཐོང་བའི།། བྱང་ཆུབ་སེམས
181b6 དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ
181b7 ན་བླར་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྟེ་དང་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མྱུ་རབ་ཏུ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་རྣམས་ཀྱི་ཐབས་ལ་ཤིན་ཏུ་མཁས་པས། གཞན
181b8 གྱི་དྲིང་ལ་མྱི་འཇིག་པར་བྱ་བ་དང་། ཡེ་ཤེས་དང་ཤེས་རབ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱའོ།། འཇིག་རྟེན་འཛིན་འདི་དག་ནི་དོར་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས
181b9 རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་ཅོར་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ།། འཇིག་རྟེན་འཛིནད་གཞན་ཡང་ཆོས་བཞི་དང་ལྡན་པའི་བྱང་ཆུབ