| e-texts navigator |
| Wylie |
181a1 དང་གནས་དང་། མགོམ་དང་སྦུབས་བྱ་བའི་ཕྱིར། ངན་སོང་གསུམ་ལས་གནོད་ཅིང་འབྱུང་བའི་ཕྱིར། སེམས་ཅན་དག་བླ་ན་མྱེད་པའི་ལམ་ལ་འཛུད་པའི་ཕྱིར། སྐྱེ་བོ་མང་པོ་དག་སྐྱེ་བ་དང་། རྒ་བ་དང་།
181a2 ན་བ་དང་། འཆི་བ་དང་། སྤྲོས་པའི་མྱ་ང་དང་། སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། འཁྲུག་པ་ལས་རྣམ་པར་གྲོལ་བའི་ཕྱིར། སེམས་ཅན་ལ་ཐ་ན་མྱེད་པ། མྱ་ངན་ལས་འདས་པའི་བདེ་བ་སྨིན་པའི
181a3 ཕྱིར། ཕྱི་མ་མ་འོངས་པའི་དུས་ན། དམ་པའི་ཆོས་བསྲུང་ཞིང་སྐྱབས་པའི་ཕྱིར། ཕྱི་མ་མ་འོངས་པ་འཇིགས་པའི་དུས་ངན་པའི་སེམས་ཅན་དག་བསྔལ་པའི་ཕྱིར།། དེ་བཞིན་གཤེགས་པ་ལ་དྲི་བར་བསམ
181a4 པ་ལེགས་སོ།། དེ་ལྟ་བས་ན་འཇིག་རྟེན་འཛིན་ཁྱོད་ལེགས་བར་ཉོན་ལ་རབ་ཏུ་ཡིད་ལ་གཟུང་ཤིག་དང་། རྣམ་པར་ཕྱེ་སྟེ། བཤད་པར་བྱའོ།། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ
181a5 ནས།། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་བཅོམ་ལྡན་འ།། ངས་ལ་ཕྱིར་ཉན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐ། ད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་དམ་པ་དེ་ལ་འདི་སྐད་ཅེས
181a6 བྱ་སྟེ།། ཕན་པའི་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར
181a7 འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཤེས། དྲ་པ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བ་དང་། དྲད་བ་རྒྱུད་མྱི་འཆད་བ་ཐོབ་པར་བྱ་བ་དང་། ཤིན་ཏུ་བྱང་བའི་ཤེས་རབ་ཀྱིས་ཀོང་ནས་ཀོང་དུ་འབར་བ་དང་།
181a8 རྟག་ཏུ་དྲན་པའི་སེམས་དང་ལྡན་པའོ།། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོམ་ཞིང་ནན
181a9 ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ།། འཇིག་རྟེན་འཛིདང་གཞན་ཡང་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཆོས་རྣམས