| e-texts navigator |
| Wylie |
180b1 དཔའ་ཆེན་པོ་རྣམས། སངས་རྒྱས་ཀྱི་གདུང་མྱི་གཅོད་པར་འགྱུར་བ་དང་། སྤྱོད་ལམ་ཀུན་ཏུ་ཚུལ་ཁྲིམས་ལ་ཆགས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་། ཆོས་ཆེན་པོ་ལ་ནན་ཏན་བྱེད་ཅིང་། འཕགས་པ
180b2 ཆོས་ཀྱི་སྤོང་སུས་ཆང་མྱེད་པ་འཛིན་པ་ལ་ཤིན་ཏུ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲད་ཏུ། བདག་ཞུ་བ་ཞུའོ།། བཅོམ་ལྡན་འདས་འི་ལྟར་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག། ཆོས་རྣམས
180b3 ཀྱི་ཡང་དག་པའི་མཚམ་ཉིད་ལ་ཤིན་ཏུ་མཁས་པ་ལགས།། ཇི་ས་མན་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ལགས།། ཇི་ལྟར་མ་དྲད་པའི་མཐུ་དང་ལྡན་པ་ལགས།། ཇི་ལྟར་མཆོས
180b4 ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་པའི་ཞེས་རབ་ལགས།། ཇི་ལྟར་ན་ལུས་འདི་བོ་ནས་རས་བླ་ན་མྱེད་རཔ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཏུ་རྒྱུད་མྱི་འཆད་པའི།
180b5 དྲ་བ་དང་ལྡན་པ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཇི་ནད་ལ་འདི་སྐད་ཅེས་བཀའ་ས་སད་ཏོ།། ལེགས་སོ་ལེགས་སོ།།
180b6 འཇིག་རྟེན་འཛིནད་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔེ་འཆེན་པོ་རྣམས་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ། དོན་དེ་དག་དྲིས་པ་ནི་ལེགས་སོ།། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་ཕྱིར།
180b7 འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ལྔ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་། བདེ་བའི་དོད་ཀྱི་ཕྱིར་གཞན་ཡང་ད་ལྟར་གྱི་དུས་དང་། མ་འོངས་པའི་དུས་ཀྱིས། བྱང་ཆུབ་སེམས་དཔའ་ལས་སྩོགས་པ་ལ་འོད་ཆེན
180b8 པོས་སྣང་བར་བྱ་བའི་ཕྱིར་དྲི་བ་དྲིས་པའི་བསོད་ནམས་ནི་དཔག་ཏུ་མྱེད་དོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ། དོན་འདི་དག་དྲིས་པ་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཡོངས་སུ་གཅད་པའི་ཕྱིར། སེཾས
180b9 ཅན་ཐམས་ཅད་ལ་འོད་ཀྱིས་སྣང་བར་བྱ་བ་དང་། བསྲུང་བར་བྱ་བའི་ཕྱིར་སེམས་ཅན་དག་ལ་ཕན་པའི་དོན་བསྟནད་པའི་ཕྱིར། སྐྱེ་བོ་དག་གཡང་ཟ་བའི་ལམ་ལ་བསྒྲལ་བར་བྱ་བའི་ཕྱིར། སྐྱེ་བོ་མང་པོ་ལ་རྟེན