| e-texts navigator |
| Wylie |
180a1 འཕགས་པ་འཇིག་རྟེན་འཛིནད་ཀྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ།། ། བམ་པོ་དང་པོའོ།།
180a2 འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀའི་གནས་འོད་མའི་ཚལ་ན།། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ
180a3 བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོ་རང་པ་ལ་ཆོས་སྒོ་རང་ཏེ། འཁོར་དེའི་རངར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཅེས་བྱ་བ་འང་འདུས་པར་གྱུར་ད་ཏེ། བྱང་ཆུབ
180a4 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆང་མྱང་བའི་ཡོན་ཏན་ཀྱིས་ཡོངས་སུ་བརྒྱད་བར་སེམས་བསྐྱེང་བའི་ཕྱིར།། ཆོས་པ་མས་ཅད་ཀྱི་ངེས་པའི་དོན་མཐར་ཕྱི་དང་པ་ཐམས་ཅད་ཤེས་པར་བྱ་བ།
180a5 ཚད་མྱེད་པའི་སྨོནད་པས་ཚད་མྱེད་པའི་རྒྱ་ནདང་ཡོངས་སུ་རྫོགས་པར་འགྱུར་བ། ཤིན་ཏུ་ཤེས་པར་བྱ་བའི་ཕྱིར།། ཚད་མྱེད།། པའི་ཆོས་རྣམས་ཀྱི་ངེས་པའི་མཚན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར
180a6 བྱ་བའི་ཕྱིར།། སྨོན་ལམ་ཚད་མྱེད་པས་ལྷག་པའི་བསམ་བཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར།། ཡོངས་སུ་རྫོགས་པར་ཤེས་པའི་ཕྱིར།། སྦྱིན་པའི་རྒྱན་དང་། ངེས་པར་རྣམ་པར་དག་པའི་ཕྱིར
180a7 ཚུལ་ཁྲིམས་ཀྱི་རྒྱ་དང་། བཟོད་པའི་ཡོངས་སུ་རྫོགས་པའི་ཕྱིར། མཉན་ངེས་པའི་སེམས་དང་། རྣམ་པར་དག་པར་བྱ་བའི་ཕྱིར། བརྩོན་འགྲུས་དང་། ཡོངས་སུ་དག་པ་ཤེས་པར་བྱ་བའི་ཕྱིར། བསམ་གཏན་དང་།
180a8 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བའི་དང་། དེ་དག་ལས་སོགས་པ་ཡོན་ཏན་ཚད་མྱེད་པའི་ཕྱིར། འདུག་པ་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས
180a9 གང་ན་བ་ལོགས་སུ་ཐལ་མོ་སྦྱརན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་དོན་ཀྱི་སད་དུ།། བྱང་ཆུབ་སེམས་དཔལས་ས