| e-texts navigator |
| Wylie |
57'a1 བདག་ཡོད་པ་ལ་བདག་མྱེད་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་འཇིག་རྟེན་པ་རྣམས་ལ་བདག་ཡོད་ཅེས་ཏེ་འཇིག་རྟེན་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཡང་དག་ཡོད་པ་ལ།
57'a2 ཡིན་ཏེ།། དེ་བཞིན་གཤེགས་པའི་སྙིང་པོའི་མྱོང་ཡང་མྱེད་དོ་ཞེས་བདག་མྱེད་པ་བསྒོམ་པ་འདི་ནི་ཕྱིན་ཅི་ལོག་གསུམ་པའོ།། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། གཙང་བ་ལ་སྐྱེ
57'a3 གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་མོ་དེ་ལ་དེ་བཞིན་གཤེགས་པ་རྟགཀ་སྟེ། ཤའི་སྐུ་མ་ཡིན་པ་ལ་ཤའི་སྐུ་ཡིན་ཏེ་ཤ་དང་ཁྲག་དང་རྒྱུས་པས་སྦྲེལ་བ་ཡིན་ནོ།། མྱི་གཙང་བའོ།། ཆོས་དང་དགེ་འདུན་གཉིས
57'a4 ཀྱང་ཐ་དད་པ་ཐོབ་ནས་མྱི་སྣང་བར་འགྱུར་རོ་སྙམ་པ་ནི་གཙང་བ་ལ་མྱི་གཙང་བར་ཕྱིན་ཅི་ལོག་པ་ཡིན་ནོ།། བདག་གི་ལུས་ཐམས་ཅད་ནི་མྱོ་གཙང་བ་ཡིན་ཏེ། གཙང་ཞེས་བྱ་བ་ཅི་ཡང་མྱེད་ན། བདག
57'a5 ཀི་ལུས་ནི་གཙང་ངོ་སྙམ་དུ་སྒོམ་པ་ནི་མྱི་གཙང་བ་ལ་ཀཿང་ངོ་སྙམ་དུ་འཛིན་པ་ཡིན་ནོ།། བདག་ཀྱང་ཀ་ད་ཅི་ཡང་མྱེད། པ་དེང་འགྲོའོ་སྙམ་པ་ནི་གཙང་བ་ལ་མྱི་གཙང་ངོ་སྙམ་དུ་བསྒོམ
57'a6 པ་རྨོངས་པར་བྱེད་པའི་ཆོས་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་ཞི་བ་ཡིན་པར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་བདག་ནི་དེ་གཟོད་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཏེ། འདི
57'a7 སྲིད་ཀྱི་བར་དུ་ལོག་པར་ལྟ་བར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་ཅི་ལགས། སྲིད་པ་ཉི་ཤུ་རྩ་ལྔ་ལ་བདག་མཆིས་ཤེས་འགྱི་འམ་མ་མཆིས་ཤེས་བགྱི། བཀའ་སཿསང་བ། བདག་ཅེས་བྱ་བ་འིདེ
57'a8 བཞིན་གཤེགས་པའི་སྙིང་པོའི་དོན་ཏོ།། སངས་རྒྱས་ཀྱི་ཁམས་ནི་སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི་དེ་ཡང་ཉོན་སྨོས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་ཏེ། བདག་ཉིད་ལ་ཡོད་བཞིན་དུ་སེམས་ཅན་རྣཾས
57'a9 ཀྱིས་མཐོང་བར་མྱི་ནུས་པའོ།། འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་ན་དབུལ་པོའོ་ཁྱིམ་ཞིག་གསེར་གྱི་གཏེར་ཟད་མྱི་ཤེས་པ་ཡོད་ལ། དེ་ལ་བུད་མྱེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱི