| e-texts navigator |
| Wylie |
226a1 ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ཡང་མྱིག་ལས་མ་བྱུང་། གཟུགས་ལས་ཀྱང་མ་ཡིན་ཏེ། བྱུང་ནས་ཀྱང་ཞིག་ཅིང་མྱེད་དེ་མྱི་གནས་སོ།། དེ་བཞིན་ནུ་རྣ་བ་ལ་མ་ཡིན། སྨྲ་ལ་མ་ཡིན། སྔ་ལ་མ་ཡིན། དྲིལ་མ།
226a2 ཡིན། ལྕེ་ལ་མ་ཡིན། རོལ་མ་ཡིན། ལུས་ལ་མ་ཡིན། རེག་བྱ་ལ་མ་ཡིན་ཏེ། ཡིད་ཆོས་ཐམས་ཅད་ལ་མྱི་འཇུག། ཆོས་རྣམས་ཀྱང་ཡིད་ལ་མྱི་འཇུག་མོད་ཀྱི། འོན་ཀྱང་དམྱིགས་པའི་རྒྱུ་རྐྱེན་ཀྱིས་རྣམ་པར་ཤེས་པ
226a3 འབྱུང་སྟེ། དེ་ཡང་ཡིད་ལས་ཀྱང་མ་བྱུང་། ཆོས་ལས་ཀྱང་མ་ཡིན་ཏེ། དེ་ནི་བྱུང་ནས་ཞིག་ཅིང་མྱེད་དེ་མྱི་གནས་སོ།། དེ་བཞིན་ཏུ་དགེ་བའི་རྩ་བ་བྱང་ཆུབ་ལ་མྱི་འཇུག། བྱང་ཆུབ་ཀྱང་དགེ་བའི་རྩ་བ་ལ་མྱི་འཇུག་མོད་ཀྱི།
226a4 འོནད་ཀྱང་བྱང་ཆུབ་ཀྱི་རྐྱེནད་ཀྱིས་དགེ་བའི་རྩ་བ་ལ་དམྱིགས་པའི་སེམས་བསྐྱེད་པ་རྣམས་ཀྱིས་སྐྱེའོ།། དེ་ཡང་མྱི་གནས་པ་སྟེ། སྐྱེས་ནས་ཞིག་ཅིང་མྱེད་དོ།། དེ་ལ་སེམས་གང་གིས་དགེ་བའི་རྩ་བ་མངོན་པར་འདུས་བྱས
226a5 པ་དང་། སེམས་གང་གིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་དེ་དག་ཕན་ཚུན་དུ་འབྲེལ་པར་མྱི་བྱེད་དོ།། འདི་ད་ལྟ་སྟེ་དཔེར་ན། མྱེ་ནི་གང་ནས་ཀྱང་མ་འོངས་ཏེ་བྱུང་ནས་ཞིག་ཅིང
226a6 མྱེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མེ་ཡང་གང་ནས་ཀྱང་མ་འོངས་མོད་ཀྱི། འོན་ཀྱང་དགེ་བའི་རྩེ་བ་ལ་རྟེན་ནས་འབར་ཏེ་བྱུང་ནས་ཞིག་ཅིང་མྱེད་དོ།།
226a7 ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ། ཆོས་རྣམ་པར་འབྱེད་པ་དེ་ལྟ་བུ་དག་ལ་བློ་རྣམ་པར་མྱི་དཔྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའོ།། སྐྱོན་མྱེད་པར་འཇུག་པ་དང་། ལུང་བསྟནད་པ་དང་བཟོད།།
226a8 པ་སྣང་བའི་ཡེ་ཤེས་ཐོབ་པ་རྣམ་པར་འབྱེད་པ་རྣམས་བློ་རྣམ་པར་མྱི་དཔྱོད་པ་གང་ཡིན་པ་དེས་སངས་རྒྱས་བཅོམ་ལྡན་འདས་མངོན་གསུམ་དུ་བྱས་ཏེ། ཡོངས་སུ་བསྔོ་བར་བྱའོ།། ཇི་ལྟར་དེ་བཞིན་གཤེགས་པ་དེ
226a9 དག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་རྒྱུ་མཐུན་པའི་ཐབས་མཁས་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཤད་པ་དེ་བཞིན་ཏུ་ཐབས་མཁས་པའི་ཡེ་ཤེས་དེས་ཡོངས་སུ་བསྔོའོ།།