| e-texts navigator |
| Wylie |
225b1 བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་རབ་འབྱམ་དཔག་ཏུ་མ་མཆིས་པ་དག་ན། སངས་རྒྱས་ཀྱི་མཛད་པ་དག་ཤིན་ཏུ་མཛད་པ་ལེགས་པར་བགྱིས་པའི་ཆོས་ཀྱི་རྒྱུན་མྱི་གཅོད་པ། བྱང་ཆུབ་སེམས་དཔ།
225b2 རྣམས་ཤི་ན་ཏུ་ལུང་བསྟནད་པ། དགེ་འདུན་འཕགས་པ་རབ་ཏུ་གནས་པ། གཏུལ་བའི་སེམས་ཅན་དག་ཤིན་ཏུ་བཏུལྡ་པ། མྱ་ངན་ལས་འདས་པའི་བདེ་བ་ཚོལ་བ། ཆོས་གཟུང་བར་མཛད་པའི་སླད་དུ་ཡོངས་སུ་མྱི་སྐྱེ
225b3 པ། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་ཆོས་ཀྱི་དབྱིངས་གནས་པའི་ཚུལ་གྱིས། ཇི་ལྟར་དེ་དག་མྱི་སྐྱེ་བ་མ་སྐྱེས་པ་དེ་བཞིན་དུ་མ་འགགས་མྱི་འགག། འགག་པར
225b4 མྱི་འགྱུར་བར་བཞུགས་སུ་གསོལ་ཞེས་བརྗོད་པར་བྱའོ།། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསོལ་བ་འདེབས་པ་ཡོ་དད་པ་མ་ཡིན་པ་ལེནད་པ་མྱེད་པ་ཁ་ན་མ་ཡོ་བ་མྱེད་པའོ།།
225b5 རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ། འདུག་སྟེ། ཚིག་འདི་སྐད་ཅེས་མ་མཆིས་བཞིན་དུ་བདག་གིས་མ་ཀོས་ཕྱག་བགྱིས་པ་དང་། བཤགས་པ་དང་རྗེས་སུ་ཡི་རང་བ་དང་།
225b6 བསྐུལ་བ་དང་། གསོལ་བ་འདེབས་པ་གང་ལགས་པ་དང་། བྱཀ་འཚལ་བ་དང་། འཆགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུ་ལ་བ་དང་། གསོལ་བ་འདེབས་པ་དེ་ཡང་མ་མཆིས་པ་དང་། ལེན
225b7 པ་མ་མཆིས་པ་འདུས་མ་བགྱིས་པའོ།། དེ་ལྟར་ཕྱག་འཚལ་བ་དང་། འཆགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་གང་ལགས་པ་དེ་ཡང་མ་མཆིས་པ། ལེནད་པ་མ་མཆིས་པ་དང་།
225b8 ད་ག་བྱ་#ཏེ། འདམ་ལྷག་པ་དང་། མ་སྨད་པ་དང་། མཉམ་པ་མ་མཆིས་པ་དང་། མྱི་མཐོ་བ་དང་། མྱི་དཔའ་བའི་ཡོངས་སུ་བསྔོ་བས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི
225b9 བྱང་ཆུབ་ལ་ཆོས་ཕྲ་རབ་ཙམ་ཡང་མྱི་དམྱིགས་པར་ཡོངས་སུ་བསྔོའོ་ཞེས་བརྗོད་པར་བྱའོ།། མྱིག་གཟུགས་ལ་གྱི་འཇུག་སྟེ། གཟུགས་ཀྱང་མྱིག་ལ་མ་ཡིན་མོད་ཀྱི། འནོད་ཀྱང་དམྱིགས་པའི་རྒྱུ་རྐྱེན་གྱིས་རྣམ་པར