| e-texts navigator |
| Wylie |
225a1 པར་སངས་རྒྱས་ཏེ། ཆོས་ཐམས་ཅད་མ་དམྱིགས་ནས་བདུད་བཞིའི་ལམ་ལས་ཡང་དག་པར་འདས་པ་བརྗོད་དུ་མྱེད་པའི་ཆོས་སྐྱོན་མ་མཆིས་པ་བརྙེས་པ། ཡི་གེ་དང་རྗོད་པ་ད་། སྐད་ཐམས་ཅད་དང
225a2 བྲལ་བ་ཆོས་ཇི་ལྟ་བ་བཞིན་དུ་བརྙེས་པ། ཐབས་མཁས་པས་ཆོས་བཟུང་བར་མཛད་པའི་སླད་དུ་ཇི་ཙམ་དུ་བརྟགས་པ་སེམས་ཅན་ཡོངས་སུ་སྨིནད་པར་མཛད་པའི་སླད་དུ། ཐུགས་རྗེ་ཆེན་པོ་ཆུད་མ་གཟན་པ་བསྐུལ་བ
225a3 ལ་བཞེས་པ། ཅང་མྱི་གསུང་བ་ལ་དགེས་པ། བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས
225a4 མངོན་པར་བསྟོད་དེ། དགྱེས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བ་སྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར
225a5 ལོ་རབ་ཏུ་བསྐོར་དུ་གསོལ། འདི་ལྟ་སྟེ་ཆོས་ཀྱི་འཁོར་ལོ་མྱིའོ།། དྲུག་པའི་ཆོས་ཀྱི་འཁོར་ལོ་དང་། མངོན་པར་མྱི་འགྲུབ་པའི་ཆོས། འཁོར་ལོ་དང་། ཚུ་རོལྡ་དང་ཕ་རོལ་ཡོངས་སུ་གཅོད་པའི་འཁོར
225a6 ལོ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་འཁོར་ལོ་དང་། བདུད་ཕྱིར་རྒོལ་བ་ཆོམ་པའི་འཁོར་ལོ་བསྐོར་དུ་གསོལ།། བརྗོད་དུ་མ་མཆིས་པའི་རྔ་རྡུང་དུ་གསོལ།། སྒྲ་མ་མཆིས་པའི་དུང་བུད་དུ
225a7 གསོལ།། ཆོས་ཤེས་པའི་རྒྱལ་མཚན་དང་ཏོག་སྦྲེང་དུ་གསོལ།། ཤེས་ར་དང་ཡེ་ཤེས་དང་། རྣམ་པར་གྲོལ་བའི་སྒྲོན་མ་འབར་བར་མཛད་དུ་གསོལ།། ཐུགས་རྗེ་ཆེན་པོའི་སྤྲིན་བསྐུད་པར་གསོལ། ཆོས་ཆེན་པོའི་ཆུའི་ཆར
225a8 པའི་རྒྱུན་ཀྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་མེ་ཏོག་རྣམ་པར་སྤེལ་དུ་གསོལ།། འཕགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་ནོར་གྱིས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ།།
225a9 རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྐལ་བའི་ཕུང་པོ་ཁ་ན་མ་ཐོ་བ་མྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་སྟེ་ཚིག་འདི་སྐད་ཅེས། སངས་རྒྱས