| e-texts navigator |
| Wylie |
224b1 དང་། བསྒོམ་པ་དངོས་པོ་མ་མཆིས་པའི་དངོས་པོར་གྱུར་ད་པའི་བསོད་ནམས་བགྱི་བའི་དངོས་པོ་སངས་རྒྱས་ཀྱི་སྱསྤྱན་གིས་མཁྱེནད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། རྗེས་སུ་ཡི་རང་བ
224b2 མཆོག་དང་། མ་ཆད་པ་དང་། མ་ལྷག་པ་དང་། ནམ་མཁའ་ལྟར་རྣམ་པར་དག་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱིས་རྟོགས་པ་དང་། གཞན་ཡང་ངེས་པའི་དོན་གྱི་ཆོས་དང་ལྡན་པ་དང་། བླ་ན་མ་མཆིས་པ
224b3 དང་། ནམ་མཁའ་དང་མཉམ་པ་དང་། མྱ་ངན་ལས་འདས་པ་དང་། མཉམ་པ་དང་མྱི་མཉམ་པ་དང་། མཉམ་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་།། ཇི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར
224b4 བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་ད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཐབས་ལ་མཁས་པ་ཟུང་དུ་འབྲེལ་པ། མ་ཆགས་པར་སྤྱད་པ་ཤིན་ཏུ་པྱོད་པ་སྤྱད་པ། རབ་ཏུ
224b5 མཁྱེན་པས་མཁྱེནད་པ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་མངོན་གསུམ་མཛད་ནས། དགེ་བའི་རྩ་བ་དེ་དག་ལ་རྗེ་སུ་ཡི་འང་ག་དང་། རྗེས་སུ་ཡི་རིང་པ་དང་། རྗེས་སུ་ཡི་རང་བར་འགྱུར་བའི་མཉམ་པ་ཉིད་དེ
224b6 དང་། ཆོས་ཉིད་དེས་རྗེས་སུ་སློབ་དེ་བཞིན་ཏུ་བདག་ཀྱང་རྗེས་སུ་ཡི་རང་ངོ་།། རྗེས་སུ་ཡི་རང་བའི་མཆོག་དང་། མ་ཆད་པ་དང་། མ་ལྷག་པ་དང་། ནམ་མཁའ་ལྟར་རྣམ་པར་དག་པ་དང་། ཤེས
224b7 རབ་དང་། ཡེ་ཤེས་ཀྱིས་རྟོགས་པ་དང་། གཞན་ཡང་ངེས་པའི་དོན་ཀྱི་ཆོས་དང་ལྡན་པ་དང་། བླ་ན་མ་མཆིས་པ་དང་། ནམ་མཁའ་དང་མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱའོ།།
224b8 རིགས་ཀྱི་བུ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པའི་རྗེས་སུ་ཡི་རང་བའི་ཕུང་པོ་ཁ་ན་མ་ཐོ་བ་མྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་ཏུ་འདུག་སྟེ། ཚིག
224b9 འདི་སྐད་ཅེས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་འཇིག་རྟེན་གི་ཁམས་དཔག་ཏུ་མ་མཆིས་ཤིང་གྲངས་མ་མཆིས་པ་རྣམས་སུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས