e-texts navigator
Collection
Volume
Page
Wylie

224a1 ལྡན་འདས་བཞུགས་པ་འམ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་རུང་སྟེ། དམ་པའི་ཆོས་ནུབ་ཀྱི་བར་དུ་དེ་དག་ལ་མཆོད་པ་བགྱིས་པ་དང་། བགྱིད་པ་དང་། བགྱིད་པར་འགྱུར་བ་ཀང་ལགས་པ་དེ་དག།
224a2 ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། སངས་རྒྱས་བཅོམ་ལྡན་འདས་ཡོང་སུ་མྱ་ངན་ལས་འདས་པ་དེ་དག་གི་ཉན་ཐོས་འདུས་པ་སེམས་ཅན་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམས་དང་། དད་པས་རྗེས་སུ་འབྲང་བ
224a3 རྣམས་དང་། ཆོས་ཀྱི་དབྱིངས་ལ་ཞུགས་པ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། ལོག་པ་བརྒྱད་ལས་ཡང་དག་པར་འདས་པའི་བརྒྱད་པ་རྣམས་དང་། ཆགས་པ་མྱེད་པའི་རིགས་ལ་གནས་པའི་རིག
224a4 ཀྱི་ས་པ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྒྱུ་ནད་ལས་བཟློག་སྟེ། ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་གང་དུ་ཡང་མྱི་འགྲོ་བ་རྣམས་དང་། ཕྱིར་མྱི་འོང་བ་འདི་ནས་ཤི་འཕོས་ནས་དེར་ཀནྡ
224a5 པར་འགྱུར་བ་རྣམས་དང་། དགྲ་བཅོམ་པ་གྲངས་མ་མཆིས་ཤིང་སྐྱེ་བ་མ་མཆིས་པས་རབ་ཏུ་ཕྱེ་བ་རྣམས་དང་། རང་སངས་རྒྱས་རྟེནད་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་རྣམས
224a6 དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་མངོན་གསུམ་དུ་རྟོགས་པ་དང་། བྱང་ཆུབ་སེམས་དཔའི་སེམས་དང་མཚུངས་པའི་སེམས་དང་པོ་བསྐྱེད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས
224a7 ཡང་དག་པར་འདས་པའི་སྤྱོད་པ་ལ་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་འཁོ་བའི་ཆོས་ལས་འདས་ཤིང་སངས་རྒྱས་ཀྱི་ཆོས་ཐོབ་པའི་ཕྱིར་མྱི་ལྡོག་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་ཟོས
224a8 ཅད་ལས་ཤིནད་ཏུ་འདས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བའི་རྟེནད་པ་མ་མཆིས་པ་གང་ལགས་པ་དེ་དག་དང་། འདུས་བྱས་ལས་ཡོངས་སུ་རྒྱལ་བ་དེ
224a9 དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་རྣམས་ཀྱི་སྦྱིན་པའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་འགྲོ་བའི་དངོས་པོ།




iiif viewer powered by OpenSeadragon

223b - 224b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo