| e-texts navigator |
| Wylie |
223b1 མཆིས་པ་དང་། སྤྱོད་ལམ་ཐམས་ཅད་རྣམ་པར་མ་བརྟགས་པའི་སྡོམ་པ་སྤྱོད་པ་དང་། འདས་པ་དང་མ་བྱོནད་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་གྱུརྡ་པ་དེ་དག་གི་སྤྱོད་པ་ཡང་དག་པ།།
223b2 སྡོམ་པ། བདུད་ཐམས་ཅད་ཀྱིས་མྱི་ཤིགས་པ། འཇིག་རྟེན་ཐམས་ཅད་དང་མ་འདྲེས་པ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སར་མ་ངེས་པ། བྱང་ཆུབ་སེམས་དཔའི་ལམ་དཔའཐུན་པ། དགེ་བའི་རྩ
223b3 བ་བཟང་པོ་ལས་དཀར་པོ་མ་ལགས་པ་འགག་པར་འགྱུར་བ་གཞན་གང་ཅི་མཆིས་པ་དང་། དགེ་བའི་རྩ་བ་བཟང་པོ་འོད་གསལ་བའི་ལས་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ
223b4 དང་། འཐོབ་པ་དང་། འཐོབ་པར་འགྱུར་བ་དེ་དག་ཐམས་ཅད་དལ་བདག་རྗེས་སུ་ཡི་རང་ངོ་།། འདས་པ་དང་མ་བྱོན་པ་དང་། དལྟ་ར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་བརྙེས་པ་དེ་དག།
223b5 གི་ཚུལ་ཁྲིམས་དང་། ཏིང་ངེ་འཛིནད་དང་། ཤེས་རབ་དང་། རྣམ། པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མ། མཆིས་པ་དང་། སྟོབས་མྱི་ཐུལ་བ་རྣམས་དང་། མྱ་འཇིགས
223b6 པ་ཕྱིར་མྱི་ལྡོག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཆགས་པ་མ་མཆོས་པ་རྣམས་དང་། ཀུན་ཏུ་མྱི་འབྱུང་བའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གཞན་གི་དྲིང་ལ་མྱི་འཇོག་པ་དང་། མྱི་གཙུག་ལྟར་མྱི
223b7 མཐོང་བ་ནམ་མཁའ་དང་མཚུངས་པ་གང་ལགས་པ་དང་། གཉིས་མ་མཆིས་པའི་བསོད་ནམས་རྣམ་པར་སྨིནད་པའི་མཚན་ཉིད་དང་། ལུས་དང་ངག་དང་སེམས་ཀྱི་རྒྱན་བཅོས་མ་མ་ལགས་པ་ནམ་མཁའ་ལྟར་ཡོངས
223b8 སུ་དག་པ་དང་། བརྒྱ་བྱིན་དང་ཚངས་པ་ཐམས་ཅད་ཀྱིས་བསྐུལ་བའི་ཆོས་ཀྱི་འཁོར་ལོ་དང་། བརྗོད་པ་མ་མཆིས་པ་དང་ལྡན་པའི་ཆོས་བསྟནད་པ་དང་། སེམས་ཅན་ལ་ཤེས་པ་སྣང་བ་རྣམ་པར་ཤེས་པ་ལས་གཞན།
223b9 མ་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། སེམས་ཅན་ཐམས་ཅ་ཕན་གདགས་པའི་སླད་དུ། ཐབས་མཁས་པོའི་གནས་ལ་གནས་པ་དག་འདས་པ་དང་། མ་བྱོནད་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ