| e-texts navigator |
| Wylie |
223a1 གཏོང་བ་མ་མཆིས་པས་གཏོང་བ་རྣམ་པར་དག་པ་དང་། རང་བཞིན་གྱིས་ཚུལ་ཁྲིམས་མྱི་ཟད་མྱི་སྐྱེ་བ་དང་། སེམས་ཅན་མ་མཆིས་པའི་བཟོད་པ་དང་དམྱིགས་པ་ལ་དབེན་པའི་བརྩོན་འགྲུས་དང་། སེམས།
223a2 ཀྱི་ངོ་བོ་ཉིད་ལ་ངེས་པར་སེམས་དཔའི་བསམ་གཏན་དང་། ཚུ་རོལ་དང་ཕ་རོལ་གྱི་མཐར་ལྟ་བ་རྣམ་པར་སྤངས་པའི་ཤེས་རབ་དང་། རྟེན་ཅིང་འབྲེལྡ་པར་འབྱུང་བ་ཟབ་མོ་ལ་འཇུག་པ་དང་། སྟོང་པ་ཉིད་ཀྱི་རྣམ་པའི་བྱམས་པ
223a3 དང་། རྣམ་པའི་རྣམ་པ་མ་མཆིས་པའི་སྙིང་རྗེ་དང་། ཆོས་ལ་ཀུན་ཏུ་མྱི་འབྱུང་བའི་དགའ་བ་དང་། ཡལ་བར་བོར་བ་མ་ལགས་པའི་བཏང་སྙོམས་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། ཁྱིམ་གྱི་རྡོས
223a4 པོ་ཐམས་ཅད་བཟུང་བ་མ་མཆིས་ཤིང་གང་ཡོངས་སུ་མ་བཟུང་བ། རྫ་བ་མ་མཆིས་ཤིང་རྟེནད་པ་མ་མཆིས་པོའི་དགེ་བའི་རྩ་བ་མ་དྲན་པ་དྲན་པར་གྱུར་པའི་དྲན་པ་ཉེ་བར་གཞག་པ་རྣམས་དང་། མ་འགགས་པ་དང་།
223a5 མ་སྐྱེས་པའི་ཡང་དག་པར་སྤོང་བ་རྣམས་དང་། ལུས་དང་། སེམས་དང་། བརྩོན་འགྲུས་དང་། འདུན་པ་དང་ལྡན་པའི་རྫུ། འཕྲུལ་གི་རྐང་པ་རྣམས་དང་། དབང་པོ་ལྔ་མཚན་ཉིད་མ་མཆིས
223a6 པོའི་དབང་པོ་རྣམས་དང་། ནམ་མཁའ་ལྟར་མྱི་ཐུལ་བའི་སྟོབས་རྣམས་དང་། དོན་དམ་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་སྐྱེཡན་ལག་རྣམས་དང་། མྱི་གཉིས་པའི་ལམ་དང་ལྡན་པའི་ལམ
223a7 དང་། ཞི་བའི་ཞི་གནས་ཐོབ་པ་དང་། རིག་པ་དང་རྣམ་པར་གྲོལ་བ་དང་། མཐུན་པའི་ལྷག་མཐོང་དང་། མངོན་པར་ཤེས་པའི་ཡེ་ཤེས་སྔོན་ཏུ་འགྲོ་བ་དེ་དག་ཐམས་ནྡ་ལ་རྗེས་སུ་ཡི་རང་ངོ་།། ཐོག་མའི་མཐའ་ནས་ལུས
223a8 ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དང་། བརྗོད་དུ་མ་མཆིས་པའི་ངག་རྣམ་པར་དག་པ་དང་། སངས་རྒྱས་ལ་རིམ་འགྲོ་བཀྱི་བ་བསྙེན་བཀུར་བགྱིད་པ་མ་མཆིས་པ་དང་། ཆོས་ལ་རིམ་འགྲོ་བགྱི་བ་ཆོས་ཡང་དག་པར་འདས
223a9 པའི་བརྒྱད་པ་རྣམས་དང་། ཆགས་པ་མྱེད་པའི་རིགས་ལ་གནས་པའི་རིགས་ཀྱི་ས་པ་རྣམས་དང་། ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པ་དང་། དགེ་འདུན་ལ་རིམ་འགྲོ་བགྱི་བ་ཚོགས་མ་མཆིས་ཤིང་ཡོན་ཏན་མ