| e-texts navigator |
| Wylie |
222a1 མ་སྩལྡ་པ་མངོན་པར་འདུ་བགྱིས་པ་དང་། བགྱིད་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་གང་ཅི་མཆིས་པ་དེ་དག་ཐམས་ཅད་འཆགས་སོ།། དམྱིགས་པ་ལ་གནས་ཏེ་བདག
222a2 གིས་སེམས་མ་མཆིས་པ་ལ་སེམས་སུ་འདུ་ཤེས་པ་དང་། སེམས་སྒྱུ་མ་ལྟ་བུར་མ་འཚལ་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་ཀང་ལགས་པ་དེ་དག་ཐམས་ཅད་འཆགས་སོ།། བདག
222a3 གིས་མངོན་པར་འདུ་བྱེད་པ་མ་མཆིས་པར་མ་འཚལ་ནས། ལུས་དང་ངག་དང་ཡིད་ཀྱིས་ཆོས་དགེ་བ་དང་མྱི་དགེ་བ་མངོན་པར་འདུ་བགྱིད་པ་དང་། མངོན་པར་འདུ་བ་བྱིས་པ་གང་ལགས་པ་དེ་འཆགས་སོ།། བདག་གིས་སྦྱིན
222a4 བ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས། དམྱིགས་པར་ལྟུང་བས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིནད་པས
222a5 ཚུལ་ཁྲིམས་བསྲུངས་པ་དང་། བདག་དང་གཞན་ཏུ་འདུ་ཤེས་པས།། བཟོད་པ་བསྒོམས་པ་དང་། ལུས་དང་སེམས་ལ་གནས་ཏེ། བརྩོན་འགྲུས་བརྩམས་པ་དང་། འུདྡྷ་ཤེས་དང་དམྱིགས་པ་ལ་གནས་ཏེ།
222a6 བསམ་གཏན་བསྐྱེད་པ་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་རབ་ཏུ་འཇུག་པ་ལ་མངོན་པར་དགའ་བས་ཤེས་རབ་རྣམ་པར་དཔྱད་པ་གང་ལགས་པ་འཆགས་སོ།། བདག་གིས་དོན་དམ་པའི་མཆོད་པ་མ
222a7 འཚལ་ནས། གཟུགས་དང་རྒྱན་དང་མཚན་ལ་མངོན་པར་ཞེནད་པས། སངས་རྒྱས་ལ་མཆོད་པ་བགྱིས་པ་གང་ལགས་པ་དེ་འཆགས་སོ།། བདག་ཆོས་ཀྱི་དབྱིངས་ཐ་དད་པའི་ཡེ་ཤེས་ལ་མ་ཞུགས་ཀྱི་ཆོས་ཐ་དད་པ་ལ་གནས་ཏེ།
222a8 ཆོས་མཉན་པ་འམ། བཤད་པ་འམ། བསམས་པར་གྱུརྡ་པ་གང་ལགས་པ་དེ་འཆགས་སོ།། བདག་གིས་ཆོས་འདུས་མ་བྱས་སུ་འཚལ་ཏེ། དགེ་འདུན་ལ་མང་པོར་འདུ་ཤེས་ནས། དགེ་འདུན་ལ་བསྙེན་བཀུར
222a9 བགྱིས་པ་གང་ལགས་པ་དེ་འཆགས་སོ།། བདག་གིས་དཀོན་པ་མ་འཚལ་ནས་དགོན་པའི་གནས་བསྙེན་ཏེ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་མངོན་པར་ཞེན་པ་གང་ལགས་པ་དེ་འཆགས་སོ།། བདག་གིས་ཆོས