e-texts navigator
Collection
Volume
Page
Wylie

221b1 བྱའོ།། དེས་གདོང་དང་འཕྲལ་བ་ས་ལ་གཏུགས་པ་ན་ཚིག་འདི་སྐད་ཅེས་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པ་འདིས་བླ་མ་རྣམས་ལ་རིམ་འགྲོ་བགྱིད་པ་རྙེད་ཅིང་སྤྱི་གཙུག་བལྟར་མྱི་མཐོང་བ་དང་དགེ་བའི་ཆོས་ཐམས་ཅ།
221b2 འཕགས་པར་གྱུར་ད་ཅིག། དེ་ལྟར་བདག་ཡན་ལག་ལྔས་ཕྱག་འཚལ་བ་འདིས་སེམས་ཅན་ཐམས་ཅད་སྒྲིབ་པ་རྣམ་པ་ལྔ་རྣམ་པར་སེལྡ་པར་གྱུར་ད་ཅིག། དབང་པོ་ལྔ་ཡོངས་སུ་རྫོགས་པར་ཅིག། འདོད་པའི་ཡོན་ཏན
221b3 ལྔ་ཡོངས་སུ་ཤེས་པར་གྱུར་ཅིག། མངོན་པར་ཤེས་པ་ཉམས་པ་མྱེད་པ་ལྔ་ཐོབ་པར་གྱུརྡ་ཅིག། མྱིག་ལྔ་ཡོངས་སུ་དག་པར་གྱུ་རད་ཅིག། སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་པར་དུ
221b4 འཕགས་པར་གྱུར་ད་ཅིག། ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང་། ཏིང་ངེ་འཛིནད་ཁྱད་པར་དུ་འཕགས་པ་དང་། ཤེས་རབ་ཁྱད་པར་དུ་འཕགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ
221b5 ཁྱད་པར་དུ་འཕགས་པར་གྱུར་ད་ཅིག་ཅེས་བརྗོད་པར་བྱའོ།། དེས་ཡན་ལག་ལྔ་ཡོངས་སུ་དག་པ་དང་། སྒྲིབ་པ་ལྔ་དང་བྲལ་བ། དང་། སྟོབས་ལྔ་ལ་གནས་པ་དང་། དེ་བཞིན་གཤེགས་པ
221b6 ཡིད་ལ་བྱེད་པ་དང་། མ་བྲལ་བས། ཚིག་འདི་སྐད་ཅེས་སང་ས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་དང་ལྡན་པ། སྐུ་མ་ལགས་པ་གསུང་དག་པ། གསུང་མྱི་མངའ་བ་སེམས་དང་པ། སེམས
221b7 མྱི་མངའ་བ། ཡེ་ཤེས་ཆགས་པ་མྱི་མངའ་བ་དང་ལྡན་པ། མ་བྱོན་པ་མ་བཞུད་པ། ཐམས་ཅད་མཁྱེནད་པ་དང་ལྡན་པ། ཐམས་ཅད་གཟིགས་པ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ།། བདག
221b8 ཀིས་འཁོར་བའི་ཐོག་མའི་མུ་ནས་བཟུང་སྟེ། ཡང་དག་པའི་མཐའ་དང་བདག་གི་མཐའ་མ་འཚལ་པས་ཆོས་མ་ལགས་པ་ལ་ཆོས་སུ་འདུ་ཤེས་བསྐྱེད་པ་དང་། འདུལ་བ་མ་ལགས་པ་ལ་འདུལ་བར་འདུ་ཤེས་བསྐྱེད་པ་དང་།
221b9 སྦྱིན་གནས་མ་ལགས་པ་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་པ་དང་། མྱི་དགེ་བ་ལ་དགེ་བར་འདུ་ཤེས་བསྐྱེད་པ་དང་། ཕྱིན་ཅི་ལོག་གི་སེམས་ཀྱིས་ལུས་ལྟ་བས་ཡོང་སུ་བཀྲིས་པ་དང་། དགེ་བའི་ཆོས་སངས་རྒྱས་ཀྱིས་བཀྵ




iiif viewer powered by OpenSeadragon

221a - 222a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo