| e-texts navigator |
| Wylie |
221a1 ཆགས་པ་ཁ་ན་མ་ཐོ་བ་མྱེད་པ་ཡིན། རྗེས་སུ་ཡི་རང་བ་ཁ་ན་མ་ཐོ་བ་མྱེད་པ་དང་། བསྐུལ་པ་ཁ་ན་མ་ཐོ་བ་མྱེད་པ་དང་། གསོལ་བ་འདེབས་པ་ཁ་ན་མ་ཐོ་བ་མྱེད་པ་དང་། ཡོངས་སུ་བསྔོ་བ་ཁ་ན་མ
221a2 ཐོ་བ་མྱེད་པ་ཡིན། དེ་སྐད་དུ་སྨྲས་པ་དང་། འཇམ་དཔལ་གཞོ་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དམ་འཆ་བར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས
221a3 དཔའ་སེམས་དཔའ་ཆེན་པོ་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་མཉམ་པ་ཉིད་ལ་འཇུག་ཅིང་། དེས་ཡན་ལག་ལྔ་ས་ལ་བཏུག་པར་བྱ་སྟེ། དེས་པུས
221a4 མོ་གཡས་པའི་ལྷ་ང་ས་ལ་འཛུགས་པ་ན། ཚིག་འདི་སྐད་ཅེས་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུརྡ་ཅིག་ཅེས་བརྗོད་པར་བྱའོ།། དེས་པུས་མོ་གཡོན་པའི་ལྡབས་ལ
221a5 འཛུགས་པ་ནི་ཚིག་འདི་སྐད་ཅེས་སེམས་ཅན་གང་སུ་དག་གཡོ། ན་ཕྱོགས་ཀྱི་ལམ་ལ་གནས་པ་དེ་དག་ཐམས་ཅད་འཕགས་པའི་ལ། མ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ད་ཅིག།
221a6 ཅེས་བརྗོད་པར་བྱའོ།། དེས་ལག་པ་གཡས་པ་ས་ལ་འཛུགས་པ་ན། ཚིག་འདི་སྐད་ཅེས། ཇི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ། དགེ་བའི་ཆོས་ཐོས
221a7 ཅད་དང་ལྡན་པས་ཤུ་དང་སྐུ་དང་། སྐྱིལ་མོ་གྲུམ་ལ་ཡོངས་སུ་བྱུགས་ཏེ་ཕྱག་གཡས་པས་ས་སྣུན་ནས། བདུད་དཔུང་དང་བཅས་པས་བཏུལ་ཏེ། བྱང་ཆུབ་བརྙེད་པ་དེ་བཞིན་དུ། སེམས་ཅན་འདི་དག་གིས་ཀྱང་བདུད
221a8 ཕྱིར་རྒོལ་བ་ཆོམས་པར་གྱུར་ད་ཅིག། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ས་ཆེན་པོ་ལ་བསྣུན་ནས། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།། དེས་ལག་པ་གཡོན་པ་ས་ལ་འཛུགས་པ་ནི
221a9 ཚིག་འདི་སྐད་ཅེས། སེམས་ཅན་ཀཔ་སུ་དག་བྱིས་པའི་ཆོས་ལ་གནས་ཏེ། གཡོན་ཕྱོགས་སུ་འཛིནད་པ་གདུལ་དཀའ་བ་དེ་དག་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཤི་ནད་ཏུ་སྡུད་པར་གྱུར་དོ་ཅིག་ཅེས་བརྗོད་པར