e-texts navigator
Collection
Volume
Page
Wylie

220b1 པར་གཡེང་བ་ཐམས་ཅད་དང་། འཆལ་པའི་ཤེས་རབ་ཐམས་ཅད་རྒྱུན་ནཱ་པཱ་གྱུར་ད་ཅིག། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སངས་རྒྱས་ལ་བལྟ་བ་དང་། དམ་པའི་ཆོས་མཉན་པ་དང་། དགེ་བའི་བཤེས་གཉེན་དཔའ་གྲོགས་པ
220b2 པ་དང་མྱི་འབྲལ་བར་གྱུར་ད་ཅིག། དགེ་བའི་རྩ་བ་འདིས་བདག་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ལུས་མཉམ་པར་གྱུར་ད་ཅིག། ངག་མཉམ་པ་དང་། སེམས་མཉམ་པ་དང་། ཡེ་ཤེས་མཉམ་པར་གྱུརྡ་ཅིག། ཇི
220b3 ལྟར་གོང་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེནད་པ་ཆགས་པ་མྱི་མངའ་ཞིང་སྒྲིབ་པ་མྱི་མངའ་བས་མཁྱེནད་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད
220b4 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་བསྔོ་བར་བགྱི་བ་དེ་བཞིན་དུཏུ། བདག་གིས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་མཆོག་གིས་ཡོངས
220b5 སུ་བསྔོའོ།། གཙོ་བོ་དང་། དམ་པ་དང་། ཁྱད་པར་འཕགས་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། ཀོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་།
220b6 མྱི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟི་ལད་ཀྱིསམྱི་ནོནོད་པ་དང་། ཡོན་ཏན་གི་ཆོས་ཟོས་ནྡ་སྡུད་པ་དང་། ཡང་དག
220b7 པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩ་ལང་པའི་ཡོད་སུ་སྔོབས་ཡོ་ཨུ་སྔོའོ།། ཇི་ལྟར་བདག་གི་དོན་ཏུ་ཡོངས་སུ་བསྔོ་བ་དེ་བཞིན་དུ། འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཅི་ཙམ་སེམས
220b8 ཅན་གི་རོས་ན་མཆིས་པ། སེམས་ཅན་གི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་ཡོང་སུ་བསྔོའོ།། དགེ་བའི་རྩ་བ་འདི་ལས་སུ་དག་ཤས་ཀྱིས་འཛིནད་པར་འདོད་པ་དེ་དག་གིས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བགྱི
220b9 ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དམ་འཆ་བར་གནས་པས། འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔ




iiif viewer powered by OpenSeadragon

220a - 221a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo