e-texts navigator
Collection
Volume
Page
Wylie

220a1 པ་ཕ་རོལ་ཏུ་ཕྱིནད་པ་བསྡུད་པར་མྱི་འགྱུར་བ་དང་། བྱིས་པ་སོ་སོའི་སྐྱེ་བོ་དང་འདྲེ་བས་འགྲིབ་པའི་ཆ་དང་འཐུན་པར་མྱི་འགྱུར་བ་དེ་ལྟ་བུར་བདག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ།། ཅི་ནས་བྱང་ཆུབ་སེམས།
220a2 དཔའ་དེ་དག་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་མངོན་གསུམ་དུ་བཞུགས་པའི་འཇིག་རྟེན་གི་ཁམས་གཞན་ཏུ། སངས་རྒྱས་དེ་དག་ལ་མཆོད་པ་བཀོད་པའི་རྒྱན་ཀྱིས་བརྒྱན་པར་བགྱིད་ཏུ་མཆི་བ་དང་། སངས་རྒྱས་ལ
220a3 མཆོད་པ་བཀོད་པའི་རྒྱན་དེའི་ཐ་མའི་སེམས་བསྐྱེད་པ་ཐོབ་ཡོངས་སུ་རྫོགས་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོའོ།། འཆི་བའི་དུས་ཀྱི་ཚེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་གསེར་གི་ཁ་དོག་ཅན་བརྐྱང
220a4 སྟེ། བདག་གི་སྤྱི་བོར་འཇོག་པར་གྱུརྡ་ཅིག། ཅི་ནས་བདག་དངོས་པོ་ཐམས་ཅད་ལ་མྱི་ལྟ་བ་བཀོད་པ་རྒྱུན་ཐོགས་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པས་ཡོངས་སུ་བསྒོས་པའི་སེམས་དང
220a5 ཚོར་བ་ཐམས་ཅད་རྒྱུན་ཆད་པའི་སེམས་ཀྱིས་འཆི་བའི་དུས་བགྱིད་པར་གྱུར་ཅིག། དད་པ་གྲངས་མ་མཆིས་པ་དང་རི་མོ་གུས་པར་བགྱི་བ་གྲངས་མ་མཆིས་པ་དང་། དགའ་བ་དང་། དད་པ་གྲངས་མ་མཆིས
220a6 པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལྟ་ཞིང་རྟོག་ལ། ཀུན་ཏུ་སྨྲ་ཞིང་ཡང་དག་པར་སྨྲ་བཞིན་ཏུ་འཆི་བའི་དུས་བགྱིད་པར་གྱུར་ད་ཅིག། མཆོད་པ་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང
220a7 མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དཔག་ཏུ་མ་མཆིས་པ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང་ལྟ་ལ་རྟོག་བཞིན་དུ།
220a8 འཆི་བའི་དུས་བགྱིད་པར་གྱུར་ད་ཅིག། བདག་གི་དགེ་བའི་རྩ་བ་འདིས་འཇིག་རྟེན་གི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་གྱུརྡ་ཅིག། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད
220a9 རྒྱུན་ཆད་པར་གྱུར་ད་ཅིག། ལྷ་དབུལ་པོ་ཐམས་ཅད་དང་། མྱི་དབུལ་པོ་ཐམས་ཅད་དང་། སེར་སྣ་ཐམས་ཅད་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་དང་། གནོད་སེམས་ཐམས་ཅད་དང་། ལེ་ལོ་ཐམས་ཅད་དང་། རྣམ




iiif viewer powered by OpenSeadragon

219b - 220b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo