e-texts navigator
Collection
Volume
Page
Wylie

219b1 གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ་འདེབས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་རབ་འབྱམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བོན་ཏེ།
219b2 བདག་གིར་བགྱི་བ་དང་ལྡན་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཐོག་མ་དང་པོ་མ་མཆིས་པའི་ཚེ་རབས་ནས་བགྱིས་པ་ཐམས་ཅད་མཁྱེནད་པར་ཡོངས་སུ་མ་བསྔོས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ
219b3 འདུས་བྱས་གི་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཀ་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་སླད་དུ་མངོན་པར་བསྒྲུབྲ་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩེ
219b4 བ་ལས་ཀྱིས་བསྒྲུབས་པ་སྔོན་གི་དུས་ནས་སྩགས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེནད་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ།། ཡོངས་སུ་བསྡུས་ནས་བླ་ན་མྱེད་པ་ཡང
219b5 དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་བསྔོའོ།། བདག་གི་དགེ་བའི་རྩ་བ་འདི་དག་གིས་སངས་རྒྱས་ཐམས་ཅད་མཉེས་པར་བགྱིད། ཅིང་དགེས་པར་བགྱིད་པར་གྱུར་ད་ཅིག། སངས་རྒྱས་ཀྱིས་ཞིང
219b6 ཐམས་ཅད་ཡོངས་སུ་སྦྱོང་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཡོད་ས་སུ་སྨྱིནད་པར་བགྱིད་པར་གྱུརྡ་ཅིག། དགེ་བའི་བཤེས་གཉེནམས་ཅད་ཆོས་སྨྲ་བ་ཐམས་ཅད་མགུ་བར་བགྱིད་ཅིང་དཀའ་བར
219b7 བགྱིད་པར་གྱུརྡ་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟནད་པ་ཡང་དག་པར་འཛིནད་ཅིང་བསྲུང་བ་དང་། ཡོངས་སུ་སྐྱོང་བར་གྱུར་ད་ཅིག། སྒྲིབ་པའི་ལིང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུར་དཅིག། བདུད་ཀྱི་རྩོད་པའི
219b8 དམག་ཚོགས་ཐམས་ཅད་རབ་ཏུ་གདུལ་བར་གྱུར་ད་ཅིག། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ད་ཅིག། ཏིང་ངེ་འཛིནད་ཐམས་ཅད་དང་། དབང་ཐམས་ཅད་ཐོབ་པ་དང་། མངོན་པར་ཤེས་པ་ཐམས
219b9 ཅད་ཀྱི་རྣམ་པར་རྩེན་པ་དང་། རྣམ་པར་ཐརྡ་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པར་གྱུརྡ་ཅིག། ཅི་ནས་ཀྱང་འཁོར་བ་ན་མྱི་འབྲལ་ཞིང་ཚེ་རབས་གཞན་དུ་རྗེས་པ་ན་ཚ་བ་འཚལ་བར་མྱི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད




iiif viewer powered by OpenSeadragon

219a - 220a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo