e-texts navigator
Collection
Volume
Page
Wylie

219a1 དེས་ཁྱབ་པར་མ་གྱུར་པའི་ཆོས་ཀྱི་དབྱིངས་དེ་གང་ཡང་མ་མཆིས་སོ།། བྱང་ཆུགུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་ཚོགས་དེས་དུས་སུམ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ།། སངས་རྒྱས་ཐམས་ཅད
219a2 མཉེས་པར་བགྱིད་པའི་སེམས་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པའི་སེམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་བའི་སེམས་དང་། སེམས
219a3 བསྐྱེད་པ་དེས་ཡོངས་སུ་ཟིནད་པར་མ་གྱུར་པའི་སེམས་ཅན་དེ་གང་ཡང་མ་མཆིས་སོ།། མཆོད་པར་མ་གྱུར་པའི་དེ་བཞིན་གཤེགས་པ་དེ་གང་ཡང་མྱི་བཞུགས་སོ།། ཀང་དུ་སེམས་བསྐྱེད་པ་དེ། བསྐྱེད་མ་ཟག
219a4 པའི་བསོད་ནམས་ཀྱི་ཕུང་པོ་ནི་རབ་ཏུ་མང་གི། སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་སུ་གྱུརྡ་པ་རྣམས་ཀྱི་བསོད་ནས
219a5 ཀྱི་ཕུང་པོ་ནི་དེ་ཙམ་མ་ལགས་སོ།། བདག་གི་བསོད་ནམས་ཀྱི་ཕུད་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པ་གང་ལགས་པ་དང་། སེ། མས་ཅན་ཐམས་ཅད་ལ་སྩ་ལད་པ་གང་ལགས་པ་དང་། ཉན་ཐོས
219a6 དང་རང་སྔས་རྒྱས་ཐམས་ཅད་ལ་ཕུལ་བ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ལ་ཕུལ་བའི
219a7 བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་གང་ལགས་པ་དང་། གང་ཡེ་ཤེས་དང་། མོས་པ་མངོན་པར་བསྒྲུབས་པ་རྣམས་ཀྱི་མོས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ
219a8 བ་དང་ལྡན་པའི་དགེ་བའི་རྩ་གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། མོ་སྡེ་སྟོབས་ལས་ངེས་པར་བྱུང་བའི་མཆོད་པ་དང་ལྡན་པའི་དགེ་བོའི་རྩ
219a9 བ་ཀང་ལགས་པ་དང་། སྒྲིབ་པར་འགྱུར་བ་ཐམས་ཅད་སེལ་པའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་ལྡན་པའི་དགེ




iiif viewer powered by OpenSeadragon

218b - 219b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo