e-texts navigator
Collection
Volume
Page
Wylie

218b1 མང་པོ་བསྣུན་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་བྱམས་པ་རྒྱལ་པོ་གསེར་མདོག་ལྟ་བུར་གྱུར་པ་ན། བཅོམ་ལྡན་འདས་དེ
218b2 བཞིན་གཤེགས་པ་གསེར་གྱི་མཆོད་སྡོང་གི་འོད་ལ་བཀོད་པ་ཏུ་མས་མཆོད་པ་དང་རིམ་འགྲོ་བགྱིས་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ
218b3 བློ་གྲོས་རྒྱ་མཚོ་ཡུལ་ཤིན་ཏུ་རྣམ་པར་དག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་རྒྱུ་རད་པ་ན། དེ་བཞིན་གཤེགས་པ་ཡོན་ཏན་གྱི་འོད་གཟེར་མཐའ་ཡས་ལ་བཀུར་སྟི་བགྱིས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ
218b4 བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལྷས་དབང་སྐུར་ཏེ། སྟོང་གསུམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ད་པ་ན། དེ་བཞིན
218b5 གཤེགས་པ་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་བྱུང་བ། རིན་པོ་ཆེའི་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ལ་ག་དུ།། གས་གཅིག་བཞིན་དུ། རིན་པོ་ཆེའི་ཕུང་པོ་རི་རེབ་ཙམ་པས་བར
218b6 བགྱིས་ཏེ། བར་གི་བསྐལ་པ་བཞི་བཅུར་མཆོད་པ་དང་། རིམ་འགྲོ་བགྱིས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་འཇམ་དཔལ་གཞོན་ནུར
218b7 ཐུརྡ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུ་རད་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་དབྱངས་བསྒྲགས་པའི་རྒྱལ་པོ་ལ་མཆོད་པ་དང་རིམ་འགྲོ་རྣམ་པ་དུ་མ་བགྱིས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ
218b8 བཞིན་དུ། བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོའི་རྒྱལ་པོ་ལ་སྟི་སྟང་བགྱིས་ནས། བྱང་ཆུབ་ཏུ་སེམས
218b9 བསྐྱེད་པ་དེ་བཞིན་ཏུ། བདག་ཀྱང་སེམས་བསྐྱེད་པར་བབྱའོ།། མཆོག་དམ་པ་ང་རྒྱལ་ཞི་བ། སེམས་མ་ལགས་པའི་སེམས་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང་། བྱང་ཆུབ་ཀྱི་སེམས




iiif viewer powered by OpenSeadragon

218a - 219a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo