e-texts navigator
Collection
Volume
Page
Wylie

218a1 ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ཕུལ་ནས། བསོད་ནམས་ཀྱི་ཕུང་མོ།
218a2 ཡོངས་སུ་བསྡུས་པ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་ཤིང་བསམ་གྱིས་མྱི་ཁྱབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེནད་པ་ཀ་ལགས་པ་དེས་བདག་བརྟན་པར་གྱུར་ནས། བླ་ན་མྱེད་པ
218a3 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ལ་མཆོད་པའི་དམ
218a4 པས་མཆོད་ནས། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པ་ཚོང་དཔོན་གྱི་བུ་མངོན་དཀར་གྱུར
218a5 པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཛེས་ཆེན་ལ་རྟེན་ཏེ་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་ཀྱང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བཅོམ་ལྡན་འདས
218a6 དེ་བཞིན་གཤེགས་པ་ཚེ་དཔག་མྱེད་དགེ་སློང་ཆོས་ཀྱི་འབྱུང་བ། ནས་སུ་གྱུརྡ་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་ཚིགས་སུ་བཅད་པའི་དབྱངས
218a7 ཀྱིས་མངོན་པར་སྟོད་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱི་འཁྲུགས་པས་སེམས་ཐོགས་པ་མ
218a8 མཆིས་པ་དང་། སེམས་མྱི་འཁྲུགས་པ་དང་། ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བ་དང་། མངོན་པར་འབྱུང་བའི་སེམས་ཀྱིས་སེང་གེའི་སྒྲ་མངོན་པར་བསྒྲུབས་ཏེ། དེ་བཞིན་གཤེགས་པ་སྤྱན་རབ་ཏུ་དང་པ་ལས་བྱང་ཆུབ
218a9 ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བཟང་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོའི་དཔལ་ལ་དགེ་བའི་རྩ་བ་རྣམ་པ།




iiif viewer powered by OpenSeadragon

217b - 218b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo