| e-texts navigator |
| Wylie |
217b1 རིན་པོ་ཆེ་ཐམས་ཅད་ཀྱིས་སངས་རྒྱས་ལ་མཆོད་པ་བཀོད་པ་རྒྱ་ནད་ཀྱི་ཆོས་ཀྱི་དབྱིངས་ཀུནད་ཏུ་གནས་པར་གྱུར་ད་ཅིག། སྙིང་པོའི་སྤོས་ཐམས་ཅད་ཀྱིས་གདུགས་པའི་རྒྱནད་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག། རྒྱན་གྱི།
217b2 དམྱིགས་པ་ཐམས་ཅད་ལ་ཆགས་པ་ལས་གྲོལ་བ། སིལ་སྙན་འཁྲོལ་བ་དང་ལྡན་པའི་དབྱངས་ཀྱི་རྒྱན་གྱི་དབྱིངས་ཀུནད་ཏུ་གནས་པར་གྱུར་ཅིག། རིན་པོ་ཆེ་ཐམས་ཅད་ཀྱི་པད་མ་བཀྲམ་པའི་རྒྱན་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ
217b3 གནས་པར་གྱུར་ད་ཅིག། ཐམས་ཅད་ཀྱི་རྗེས་སུ་སྒྲོགས་པའི་སྨོན་གྱི་རྐྱེན་གྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུརྡ་ཅིག། རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་སྣང་བ་རབ་ཏུ་འགྱེད་པའི་རྒྱན་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས
217b4 པར་གྱུར་ད་ཅིག། ལྷའི་ཐམས་ཅད་ལས་ཤིན་ཏུ་འདས་པ་རིན་པོ་ཆེའི་ཅོད་པན་སྣ་ཚོགས་ཀྱི་སྤྲིན་གི་རྒྱད་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག། དེ་ལྟར་དགེ་བའི་རྩ་བ་འདིས་ཇི་ལྟར་བྱང་ཆུབ་སེཾས
217b5 དཔའ་ཀུན་ཏུ་བཟང་པོ་རྣམས་དེ་བཞིན་གཤེགས་པའི་འཁོར་གྱི།། དཀྱིལ་འཁོར་དུ་ཆོད་པ་ཐམས་ཅད་དང་ལྡན་པས་འཇུག་པ་དེ་བཞི།། ན་དུ། བདག་ཀྱང་དགེ་བའི་རྩ་བ་འདིས་དེ་བཞིན་གཤེགས་པ
217b6 ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དེ་ལྟར་དཔག་ཏུ་མ་མཆིས་པའི་མཆོད་པ་ཕྱི་མའི་མཐའི་མུར་ཐུག་པས་བྱིན་གྱིས་རློབ་པ་ལ་འཇུག་པར་གྱུརྡ་ཅིག། ཀོང་དུ་ཡང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས
217b7 དག་གིས་མཁྱེན་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ
217b8 ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམ་ཅད་ལ་འདོན་པར་བགྱི་བ་དང་། གསོལ་བར་བགྱི་བ་དང་། དབུལ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་རང
217b9 སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་ལོ།། ཡོངས་སུ་གཏང་ངོ་། འདོན་ཏོ།། དབུལ་ལོ།། བདག་གིས་སེམས་ཅན་ཐམས་ཅད་དང་།