| e-texts navigator |
| Wylie |
217a1 སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེནད་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྡུ་བར་བགྱི་བ་དེ་བཞིན་ཏུ་བདག་གིས་ཀྱང་ཡོངས་སུ་བསྡུའོ།། བསྡུས་ནས་འདི་ལྟ་སྟེ།
217a2 འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པའི་ལས་དང་། མཚན་རྒྱས་པར་བགྱི་བ་དང་། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ཡོངས་སུ
217a3 རྫོགས་པར་བགྱི་བ་དང་། སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་མྱུ་རད་དུ་ཁོང་དུ་ཆུད་པར་བགྱི་བའི་སླད་དུ་སེམས་ཅན་ཐམས་ཅད་ལ་སྩལ་ད་ཏོ།། གཏང་ངོ་།། ཡོངས་སུ་གཏང་ངོ་།། རྣམ་པར་གཏང་ངོ་།། ངེས་པར་གཏད
217a4 ངོ་།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་དབུལ་ལོ།། གཏང་ངོ་། ཡོངས་སུ་བཏང་ངོ་།། རྣམ་པར་གཏང་ངོ་།། ངེས་པར་གཏང་ངོ་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ལོ།། གཏང་ངོ་། ཡོངས་སུ
217a5 བཏང་ངོ་།། རྣམ་པར་གཏང་ངོ་།། ངེས་པར་གཏང་ངོ་།། སངས་རྒྱས་ཐམས་ཅད་ལ་དབུལ་ལོ།། གཏང་ངོ་། ཡོངས་སུ་གཏང་ངོ་།། རྣམ་པར་གཏང་ངོ་། ངེས་པར་གཏང་ངོ་།། དེ་བཞིན་གཤེགས།
217a6 པ་རེ་རེ་ལ་མཆོད་པའི་ལས་ཀྱི་སླད་དུ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེནད་པ་བྱང་ཆུབ་ཀྱི་ཡན་ལག་དུ་གྱུར་པ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས
217a7 ཀྱི་ཚད་ཙམ་རྣམས་སུ་མཆོད་པ་བཀོད་པ་ཐམས་ཅད་ཀྱི་རྒྱན་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག། རིན་པོ་ཆེ་ཐམས་ཅད་ཀྱིས་ཁེབས་པའི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག། མེ་ཏོག་ཐམས་ཅད
217a8 ཀྱི་བླ་རེ་བྲེས་པའི་རྒྱན་གི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་པ་ཅིག། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བའི་རྒྱན་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུ་ར་ཅིག། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་བྲེས་པའི
217a9 རྒྱ་ནད་ཀྱི་ཆོས་ཀྱི་དབྱིངས་ཀུནད་ཏུ་གནས་པར་གྱུར་ད་ཅིག། རིན་པོ་ཆེ་ཐམས་ཅད་ཀྱི་ན་བཟས་གཡོགས་པའི་རྒྱནད་ཀྱི་ས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག། གཞལ་དུ་མ་མཆིས་པའི་གོས་ཀྱི་སྤྲིན་གི་ཆར་དང་།