e-texts navigator
Collection
Volume
Page
Wylie

216b1 བདག་གི་དོན་ཏུ་བདག་གིར་བགྱི་བ་དེ་བཞིན་དུ་འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཅི་ཙམ་སེམས་ཅན་གི་རིས་ན་མཆིས་པ། སེམས་ཅན་གི་ཁམས་ཐམས་ཅད་ཀྱི་ཆེད་དུ་ཡང་བདག་གིར
216b2 བགྱིའོ།། བདག་གི་མོས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་ལྡན་པའི་དགེ་བའི་རྩ་བ་ག་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར
216b3 མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། མོས་པའི་སྟོབས་ལས་ངེས་པར་འབྱུང་བའི་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སྒྲིབ་པར་འགྱུར་བ་ཐམས་ཅད་སེལ་པོའི་དགེ་བའི་རྩ
216b4 བ་ཀང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའོ་དགེ་བའི་རྩ་བ་ཀ་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་ལྡན་པའི་དགེ་བའི་རྩ་གང་ལགས་པ་དང་། དེ་བཞིན་གཤེགས
216b5 པ་ཐམས་ཅད་ལ་མངོན་པར་གསོལ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་ག་གེ་བྷྲྀ་རྩ་བ་རབ་འབྱམ་ཐམས། ཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤཱནད
216b6 ཏུ་ཕུལ་ནས། བདག་གིར་བགྱི་བ་དང་། ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཐོག་མ་དང་པོ་མ་མཆིས་པོའི་ཚ་རབས་ནས་བགྱིས་པ་ཐམས་ཅད་མཁྱེནད་པར་ཡོངས་སུ་བསྔོར
216b7 བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་འདུས་བྱས་གི་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མངོན་པར་སྒྲུབ་པའི་དགེ་བའི་རྩ་བ་གང་ལགས་པ
216b8 དང་། བདག་གི་དགེ་བའི་རྩ་བ་ལས་ཀྱིས་མངོན་པར་བསྒྲུབས་པ། དུས་ཐམས་ཅད་དུ་བསྩགས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཕྱེནད་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ།། བཟླུམ་མོ།། །
216b9 འདུ་བར་བགྱིའོ།། གོང་དུ་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ལ་མཆོད་པར་འཚལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟནད་པ་ཡང་དག་པར་འཛིནད་པར་འཚལ་བ་རྣམས་ཀྱིས། ཇི་ལྟར




iiif viewer powered by OpenSeadragon

216a - 217a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo