e-texts navigator
Collection
Volume
Page
Wylie

216a1 པ་ལ་འཇུག་པ་དཔག་ཏུ་མ་མཆིས་པ་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་ཀྱང་ཡང་དག་པར་འགྲུབ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དགེ་བའི་རྩ་བའི་ཤུགས་དེ་དག་ཐམས།།
216a2 ཅད་རྒྱུན་མྱི་འཆད་པར་གཏོང་བ་དེ་ཙམ་དུ། བདག་གིས་ལྷག་པའི་བསམ་པའི་སྣོད་ལ་མོས་པའི་ལམ་ཤི་ནད་ཏུ་རྣམ་པར་དག་པར་ཡང་དག་པར་བསྐྱེད་ནས། དགེ་བའི་རྩ་བའི་ཤུགས་དེ་དག་ཐམས་ཅད་ཡང་དག་པར་མནོད་དོ།།
216a3 ཡང་དག་པར་གཟུང་ངོ་།། བདག་ཀིར་བགྱིའོ།། བླང་ངོ་།། ལྷག་པར་མོས་སོ།། ཀུན་གྱི་རྗེས་སུ་ཞུགས་པར་བགྱིའོ།། བདག་ཀིར་བགྱི་བ་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ།
216a4 དང་ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་།།
216a5 ཟིལྡ་ཀྱིས་མྱི་ནོནད་པ་དང་། ཡོན་ཏན་གི་ཆོས་ཐམས་ཅད་སྡུད་པ། དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་ད། པའི་བདག་གིར་བགྱི་བས་བདག་གིར་བགྱིའོ།། གོང་དུ་ཡང་བྱར
216a6 ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ཡང་དག་པར་ལེནད་པར་འཚལ་བ། ཡོན་ཏན་གྱི་ཚོགས་སྒྲུབ་པར་འཚལ་བ། སྒྲིབ་པ་མ་མཆིས་པའི་ཡུལ་ལ་འཇུག་པར་འཚལ་བ། ཆགས་པ་མ་མཆིས
216a7 པའི་མཐའ་ལ་གནས་པར་འཚལ་བ། དུས་གསུམ་ཐམས་ཅད་དུ་འཇུག་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེནད་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས་དགེ་བའི་རྩ་བ་ཐམས་ཅད་བདག་གིར
216a8 བགྱི་བ་དེ་བཞིན་ཏུ་བདག་གིས་ཀྱང་བདག་གིར་བཀྱེའོ།། བདག་གིར་བགྱི་བ་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། དཔེའ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། མཉམ་པ་མ
216a9 མཆིས་པ་དང་། འདྲ་བ་མ་མཆིས་པ་དང་། མྱི་འདྲ་བ་རྣམ་པར་དག་པ་དང་། རྟོག་པ་དང་། ཚིག་ཀི་ལམ་དང་། བསྔགས་པ་བསྟནད་པ་མཐའ་ཡས་པ་ཐམས་ཅད་ཀྱི་བདག་གིར་བགྱི་བས་བདག་གིར་བགྱིའོ།། ཇི་ལྟར




iiif viewer powered by OpenSeadragon

215b - 216b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo