| e-texts navigator |
| Wylie |
215b1 བར་རབ་ཏུ་བརྩོན་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྩོལ་བས་རྩོམ་པཿ། གོ་ཆ་ཆེན་པོ་བགོས་པ། སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པ། དགེ་བ་རྩོམ་པ། རྒྱ་ཆེ་བ་ཆེན་པོ་ལ་རབ་ཏུ་རྩོན་པ། ཕ་རོལ་ཏུ་ཕྱིནད་པ་ཆེན་པོའི་དཀྱིལ
215b2 འཁོར་ལ་རབ་ཏུ་སྦྱོར་བ། ཡོན་ཏགས་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། མཐའ་དང་དབུས་མ་མཆིས་པའི་ས་ལ་གནས་པར་འཆལ་པ། འགྲོ་བ་ཐམས་ཅད་ཀྱིས་ཡོང་སུ་རྫོགས་པར་འཚལ་བ། སེམས་ཀྱི་ཁྲི་ཤིང་རྣམ་པར
215b3 སྤོང་བར་འཚལ་བ། ཆོས་ཀྱི་སྒོ་ཉེ་བར་སྟོབས་པར་འཚལ་བ། དགེ་བའི་རྩ་བ་ཆེན་པོའིའཤུགས་རྣམ་པར་སྤེལ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སྟོབས་བཅུ་རྣམ་པར
215b4 དག་པ་མཐར་གཏུག་པ་དང་། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་། རིམ་འགྲོ་བགྱི་བའི་སླད་དུ་ཐམས་ཅད་མཁྱེནད་པ་ཉིད་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དང་། སྐྱེད་པར་འགྱུར་བ་དང་། སྐྱེད་པ་དེ་དག་དང་།
215b5 བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བ་གཅིག་པུ་ལ་བཏངཔ་རྣམས་དང་། ཡང་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་ད་དཔའི་ས་ནས་སར་འཕར་བའི་མོད་ལས་སྐྱེས་པ་རྣམས་དང་། དགེ་བའི་རྩ
215b6 བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པ་ལས་བྱུང་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ས་འཕྲུལ་དང་ལྡན་པ་ལ་ཞུགས་པ་ཆོས་ཐམས་ཅད་ཀྱི་དོན་མཐོང་བ
215b7 རྗེས་སུ་ཐོབ་པ། ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སའི་སྙིང་པོ་རྡོ་རྗེ་ལྟར་སྲ་བ་མྱི་ཤིགས་པའི་སེམས་བསྐྱེད་པ་རྣམས་ཀྱི་དགེ་བའི་རྩ་བའི་ཚོགས་ཀུན་ནས་སྒོ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་གསུམ་དུ་གྱུར་པ།
215b8 ལས་ཀྱི་ཤུགས་ཀུན་ནས་ངོས་ཡེ་ཤེས་འཕགས་པ་ཞེས་བགྱི་བས་བསྐྱེད་པ་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་འགྲོ་བགྱིད་པར་འཇུག་སྟེ། དེ་དག་འཇུག་པ་དང་། དགེ
215b9 བའི་རྩ་བའི་རྒྱུ་མཐུན་པས་ཐམས་ཅད་མཁྱེནད་པ་ཉིད་ཀྱི་ཚད་མྱེད་པའི་རྐྱེནད་རྣམས་ཀྱིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ། སེམས་ཅན་ཀཽ་ཁམས་ཐམས་ཅད་ལ་མངོན་དུ་འགེབས་ཤིང་ཅི་ཙམ་ཏུ་ཐབས་ཀྱི་ཚུལ་རྗོད