e-texts navigator
Collection
Volume
Page
Wylie

215a1 བའི་མཆོག་གིས་མངོན་པར་གསོལ་ལོ།། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མཉམ
215a2 པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟི་ལད་ཀྱིས་མྱི་ནོནད་པ་དང་། ཡོན་ཏན་གི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག
215a3 པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མངོན་པར་གསོལ་བས་གསོལ་ལོ།། ཀོང་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་གིས་ཇི་ལྟར་སངས་རྒྱས་ཀྱི་མཁྱེནད་པ། ཆགས་པ་མྱི་མངའ་ཞིང་སྒྲིབ་པ་མྱི་མངའ
215a4 བས་མཁྱེནད་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གུས་པ་དེ་ལྟ་བུ་དང་། ལུས་བདུད་པ་དེ་ལྟ་བུ་དང་། དེངག་གི་ལས་བྱུང་བ་དེ་ལྟ་བུ་དང་། ཡིད་ཀྱི་ལས་སྒྲུབ་པ་དེ་ལྟ་བུས།
215a5 སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཕྱོགས་པར་དགོངས་པ་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྐུ་ཚེ་ཡོད། ས་སུ་སྦྱང་བར་མངོན་པར་གསོལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང
215a6 གསོལ་ལོ།། ཇི་ལྟར་བདག་གི་དོན་དུ་གསོལ་བ་དེ་བཞིན་དུ་འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ
215a7 ཡང་མངོན་པར་གསོལ་ལོ།། བདག་དེ་ལྟར་དེ་བཞིན་གཤེགས་པ་ལ་མངོན་པར་གསོལ་བའི་དགེ་བའི་རྩ་ཁའི་སྟོབས་བསྐྱེད་པ་ཐོབ་པར་གྱུར། བསམ་པ་དང་ལྷག་པའི་བསམ་པའི་སྟོབས་ཀྱིས་བརྟན་པར་གྱུར་པ། དད་པ་དང་མོས་པ
215a8 སྟོབས་ལ་ཤི་ན་ཏུ་གནས་པར་གྱུར་ནས། ལྷག་པའི་བསམ་པའི་སྣོད་ཡངས་པ། ཡང་དག་པར་བསྐྱེད་དེ། དགེ་བའི་རྩ་བ་རབ་འབྱམ་ཐམས་ཅད་ཡང་དག་པར་བཟུང་ངོ་།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་ན་འདས
215a9 པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་སྒྲིབ་པ་མ་མཆིས་པ་ལ་བརྩོན་པ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རྗེས་སུ་དྲན་པ་དགེ་བའི་ཚོགས་ཆེན་པོ་བླང




iiif viewer powered by OpenSeadragon

214b - 215b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo