e-texts navigator
Collection
Volume
Page
Wylie

214b1 སེམས་ཅན་འཁོར་བ་ལ་མངོན་པར་དགའ་བ་རྣམས་ཡིད་འབྱུང་བ་བསྐྱེད་པའི་ཆེད་དང་། འདུ་བྱེད་ཐམས་ཅད་མྱི་རྟག་པར་རབ་ཏུ་བསྟནད་པའི་ཆེད་བུ་འབྱོར་ད་པ་ཐམས་ཅད་མཐར་རྒུད་པའི་སྒོར་ཡང་དག་པར་སྟོན་ལ། སངས།།
214b2 རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞི་བར་ཡང་དག་པར་བསྟནད་པའི་ཆེད་དུ། སྲོག་གི་དབང་པོ་ཐམས་ཅད་མཐར་འཚོ་བར་ཡང་དག་པར་སྟོནད་ཅིང་། དེ་བཞིན་གཤེགས་པ་འཕོ་སྟེ་ཤིནང་ཏུ་བྲལ་ནས། འཇིག
214b3 རྟེན་དུ་མྱི་དཀའ་བ་ཆེན་པོ་སྟོན་ལ། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གི་མདུན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟོན་ཏེ། ལྷའི་དབང་པོ་ཐམས་ཅད་དུ་བ་དང་། ཀླུའི་དབང་པོ་ཐམས་ཅད་ཀྱང
214b4 མྱ་ངན་བྱེད་པ་དང་། གནོད་སྦྱིན་གི་དབང་པོ་ཐམས་ཅད་སྨྲེ་སྔགས་འདོནད་པ་དང་། འགྲོ་བའི་དབང་པོ་ཐམས་ཅད་རབ་ཏུ་མྱི་དགའ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྷ་དང་མྱ་དང་ལྷ་མ་ཡིན་དུ་བ
214b5 པའི་འཇིག་རྟེན་གི་མདུན་དུ་སྟོནད་པ་ན། བདག་གིས་བླ་མ་ལ་རྀ་མོ།། གུས་པ་ཆེན་པོས་ལུས་བཏུད་པ་བགྱིས་ནས། སངས་རྒྱས་བརྩེ། ལྡན་འདས་དེ་དག་ལ་སྐུ་ཚེ་བསྲིང་པ་དང་། རིང་དུ་བཞུགས་པར
214b6 གསོལ་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ལས་བཟློག་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་བདེ་བ་ལ་བཀོད་པ་དང་། སེམས་ཅན་ཐམས་ཅད་ཀྱི
214b7 དབུལ་པོའི་ལས་རྣམ་པར་གཅད་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་འབྲོག་དཀོན་སྡེ་ལས་བསྒྲལ་བ་དང་། འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་སྒྲིབ་པ་མ་མཆིས་པ་ལ་དགོད་པ་དང་། དབུལ་པོའི་ལམ་ཐམས
214b8 ཅད་གཅད་པ་དང་། འགྲོ་བ་ཐམས་ཅད་ཆོས་དཀོན་མཆོག་གིས་ཚིམ་པར་བགྱི་བ་དང་། འཇིག་རྟེན་གི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བ་དང་། འགྲོ་བ་ཐམས་ཅད་གདུལ་བ་ཟེར་གཏུག་པ་དང་། བྱང་ཆུབ་སེམས་དཔའ
214b9 ཐམས་ཅད་ཡོངས་སུ་གཟུང་བའི་སླད་དུ། སྐལ་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་བཞུགས་པར་གསོལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་མངོན་པར་གསོལ




iiif viewer powered by OpenSeadragon

214a - 215a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo