e-texts navigator
Collection
Volume
Page
Wylie

214a1 ཆེན་པོ་དང་། ཟི་ལ་ཀྱིས་ཀྱི་ནོནོད་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་བསྐུལ་བས་བསྐུལ་ལོ།། ཇི་ལྟར་བདག་གི་དོན་བསྐུལ
214a2 བ་དེ་བཞིན་དུ། འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཇི་ཙམ་སེམས་ཅན་གི་རིས་ན་མཆིས་པ། སེམས་ཅན་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་བསྐུལ་ལོ།། གོང་དུ་ཡང་དེ་བཞིན
214a3 གཤེགས་པ་ཐམས་ཅད་ལ་མངོན་པར་གསོལ་པ་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཕྱོགས་བཅུའི་ཡོངས་སུ་རྗེ་བར་འཇུག་པ། འཇིག་རྟེན་གི་ཁམས་ཐམས་ཅད་གཞི་ཕྱལ་པོའི་རྗེས་སུ་འ་གྲོ་ཞིང་འཇུག་པ།
214a4 སྟེང་ཡོགས་མྱེད་པའི་རྒྱུད་ཀྱི་ཕྱོགས་ཡོངས་སུ་རྗེ་བར་བཤད་པ། ཚོལ་བའི་རྒྱུད་ཀྱི་འཇིག་རྟེན་གི་ཁམས་མངོན་དུ་བསྒྲུབ་པ། རྣམ་པར་དབྱེ་བ་མྱིག་འཕྲུལ་ལྟ་བུ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གི
214a5 ཁམས་རབ་འབྱམ་ཐམས་ཅད་ན། སངས་རྒྱས་བཅོམ་ལྡན་འད། ས་གང་དག་ཁ་གཅིག་ཆོས་ཀྱི་འཁོར་ལོ་ཤིནད་ཏུ་བསྐོར་ད་པ་གདུལ་བ་དག་ཤི་ནད་ཏུ་བཏུལ་བ། ཟམ་པ་དག་ཤིན་ཏུ་གཏགས་པ་བསྟན
214a6 པ་དག་ཤིན་ཏུ་བྱིནད་ཀྱིས་བརླབས་པ། བྱང་ཆུབ་སེམས་དཔའ་དག་ཤིནད་ཏུ་ལུང་བསྟནད་པ། སངས་རྒྱས་ཀྱི་མཛད་པ་དག་ཤི་ནང་ཏུ་མཛད་པཕས་ཀྱི་རྒོལ་བའི་ཕྱོགས་ཐམས་ཅད་ཤི་ནད་ཏུ་ཚར
214a7 གཅད་པ་རྗེས་སུ་བསྟནད་པ་རྣམས་ཤི་ནད་ཏུ་འཕགས་པ། ཞིང་ཐམས་ཅད་དུ་བསྒྲགས་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་གནས་རྣམས་ཞིང་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས
214a8 རབ་འབྱམ་དེ་དང་དེ་དག་དང་། སེམས་ཅན་ཀཽ་རིས་དེ་དང་དེ་དག་ན། སེམས་ཅན་རབ་འབྱམ་མ་གུས་པར་གྱུར་པ། དབང་པོ་ཡོངས་སུ་སྐྱོ་བ་སྣོད་དུ་མ་གྱུར་བ། དེ་བཞིན་གཤེགས་པ་ལ་ལྟ་བའི་རྒྱུན་གཅད་པ། རྟག
214a9 ཏུ་ཆགས་པ། ཡུལ་ལ་མངོན་པར་དགའ་བ་འདུས་བྱས་ཀྱི་བསྒྲིབ་པས་ཟིནད་པ། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པའི་དབང་དུ་མཆིས་པ། དེ་དང་དེ་དག་ལ་ཡུལ་ཐམས་ཅད་ལ་བདག་མྱེད་པར་ཡང་དག་པར་སྟོནད་ཅིང




iiif viewer powered by OpenSeadragon

213b - 214b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo