| e-texts navigator |
| Wylie |
213b1 སངས་རྒྱས་འབྱུང་བ་རྒྱུན་མྱི་འཆད་པར་བགྱི་བའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིནད་པའི་ཡན་ལག་ཐམས་ཅད་ཤི་ནང་ཏུ་ཡོངས་སུ་སྦྱངས་པ། ཕྱིར་མྱི་ལྡོག་པ་སྟོབས་བཅུས་ཟིལ
213b2 ཀྱིས་མྱི་ནོན་པ། འཁོར་བའི་འཁོར་ལོ་རབ་ཏུ་འཇོམ་པ། ལྟ་བར་གྱུར་པ་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་འཇིག་པ། སོ་སོ་ཡང་དག་པར་རིག་པ་བཞི་རྗེས་སུ་བསྒྲགས་པ། ཤི་ནད་ཏུ་རྣམ་པར་ཕྱེ་བའི་སྒྲ་དང་ལྡན
213b3 བ། འཕགས་པའི་བདེན་པའི་བཞིའི་ཚུལ་ངེས་པར་བརྟགས་པའི་ཆོས་ཀྱི་འཁོར་ལོ་རྡོ་སྐོར་བར་གསོལ།། སྙིང་རྗེ་ཆེན་པོའི་སྟོབས་ལ་ལུག་པ་དམྱིགས་པར་བགྱི་བ་དང་། རང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན
213b4 མྱི་གཅད་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཡོངས་སུ་སྦྱང་བའི་སྐད་དུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་བདག་བསྐུལ་ལོ།། སྙིང་རྗེ་ཆེན་པོའི་སྟོབས་ལ་ལྷག་པར
213b5 དམྱིགས་པར་བགྱི་བའི་སླད་དུ། ཉན་ཐོས་དང་རང་སངས་རྒྱས།། ཐམས་ཅད་ལ་ཡང་བདག་སྐུལ་ལོ།། མྱི་དགེ་བའི་ཆོས་ཐམསཅད་རྣམ་པར་བཟློག་པ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས
213b6 སུ་རྫོགས་པར་བགྱི་བའི་སླད་དུ་སེམས་ཅན་ཐམས་ཅད་ཡངས་བདག་སྐུལ་ལོ།། ཀོང་དུ་ཡང་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཕུང་པོ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས
213b7 དག་གིས་སངས་རྒྱས་ཀྱི་མཁྱེནད་པ་ཆགས་པ་མྱི་མངའ་ཞིང་བསྒྲིབ་པ་མྱི་མངའ་བས་མཁྱེནད་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས
213b8 དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་སྐུལ་བར་བགྱི་བདེ་བཞིན་དུ། བདག་ཀྱང་སྐུལ་བའི་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང
213b9 གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། ཀོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད