| e-texts navigator |
| Wylie |
213a1 གི་དོན་དུ་རྗེས་སུ་ཡི་རང་བ་དེ་བཞིན་དུ། འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཇི་ཙམ་སེམས་ཅན་ཀི་རིམ་ན་མཆིས་པ་སེམས་ཅན་གི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ལན
213a2 དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡྀ་རང་ངོ་།། དེ་ལྟར་བདག་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ནས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསྐུལ་ལོ།། ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་ཁམས
213a3 ཕྱོགས་བཅུའི་མུ་ཐུག་ཡོངས་སུ་རྗེ་བར་འཇུག་པ། འཇིག་རྟེན་གི་ཁམས་ཐམས་ཅད་གཞི་ཕྱལ་བའི་རྗེས་སུ་འགྲོ་ཞིང་འཇུག་པ་སྟེང་གཡོགས་མྱེད་པའི་རྒྱུད་ཀྱི་ཕྱོགས་ཡོངས་སུ་རྗེ་བར་བཤད་པ། ཚོལ་བའི་རྒྱུད
213a4 ཀྱི་འཇིག་རྟེན་གི་ཁམས་མངོན་དུ་སྒྲུབ་པ། རྣམ་པར་དབྱེ་བ་མྱིག་འཕྲུལ་ལྟ་བུ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གི་ཁམས་རབ་འབྱམ་ཐམས་ཅད་ན། སངས་རྒྱས་བཅོམ་ལྡན་འདས་གང་དག
213a5 ཁ་ཅིག་བདུད་གི་རྩོད་པའི་དམག་ཚོགས་ཐམས་ཅད་མངོན་པ་རབ་ཏུ་ལ་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཐམས་ཅད་ལ་སྒྲིབ་པ
213a6 མྱེད་པ་བརྙེས་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེག་ས་པ། ཆོས་ཀྱི་ཚུལ་གཡོའ་པ་མ་མཆིས་པའི་རང་བཞིན་དུ་གྱུར་ད་པ། ཆོས་ཀྱི་སྐུ་རབ་ཏུ་ཞི་བ་དང་ལྡན་པ་དག་འདི་ལྟ་སྟེ།
213a7 ཆོས་གཟུང་བར་མཛད་པའི་སླད་དུ་འཇིག་རྟེན་ཐམས་ཅད་ན་སྐུལ་པའི་ས་ལ་བཞེས་ཏེ། ཆོས་ཀྱི་འཁོར་ལོ་མྱི་སྐོར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས་བླ་མ་ལ་རི་མོ་གུས་པར་བགྱི་བ་ཆེན་པོས
213a8 ལུས་བཏུད་པ་བགྱིས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བསྐུལ་གྱིས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངསུ་གྲུབ་པར་བགྱི་བ་དང་། འགྲོ་བ་ཐམས་ཅད་བསྐྱབ་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར
213a9 བྱང་བར་བགྱི་བ་དང་། སོམ་ཉི་ཐམས་ཅད་ཡང་དག་པར་གཞོམ་པ་དང་། ཐེ་ཙོམ་ཐམས་ཅད་ཀུན་ཏུ་གཅད་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་རབུ་བསྒྲགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ།