e-texts navigator
Collection
Volume
Page
Wylie

212b1 ཡང་རྗེས་སུ་ཡི་རང་ངོ་།། ཡང་དག་པར་རྫོགས་པའི་སངས་རྒྱས་དུས་སུམ་དུ་གཤེགས་པ་རྣམས་ཀྱི་དགེ་བའི་རྩ་བ་ཞབས་མཁས་པ་བསམ་གྱིས་མྱི་ཁྱབ་པའི་རྣམ་པར་འཕྲུལ་པ་དང་ལྡན་པ་གང་ལགས་པ་དེ་དག་ལ་རྗེས་སུ་ཡི
212b2 རང་ངོ་།། གོང་དུ་ཡང་བྱང་ཆུབ་སེམས་དཔའ་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་འདུལ་བར་འཚལ་བ། ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ཟིལྡ་ཀྱིས་གནོན་པར་འཚལ་བ། མ་རིག་པའི་མུན་པ་མུན་གནས
212b3 དང་རབ་རབ་ཀྱི་ལིང་ཏོག་མང་པོ་སེལ་བར་འཚལ་བ། ངན་སོང་དང་མྱི་ཁོམ་པ་དཔངན་འགྲོའི་ལམ་ཐམས་ཅད་གཅོད་པར་འཚལ་བ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། ཆོས་ཐམས་ཅད་སྣང
212b4 བ་ཐོབ་པར་འཚལ་བ། ཀུན་ཏུ་བཟང་པོའི་ལུས་ཁྱུ་མཆོག་ཏུ་གྱུར་ད་པ་ཐོབ་པར་འཚལ་བ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བགྱིད་པའི་དབྱངས་གི་ཡན་ལག་རྣམ་པར་དག་པ་ཐོབ་པར་འཚལ་བ།
212b5 ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་འཚལ་བར་བགྱི་བའི་སླད་དུ་ཡེ། ཤེས་ཀྱི་མྱིག་རྣམ་པར་སྦྱོང་བར་འཚལ་བ། འཁོར་བའི་འཁོར་ལོ་ཟློག་པར་འཚལ་བ། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་སྐོར་བར
212b6 འཚལ་བ། སྟོབས་བཅུའི་ཡེ་ཤེས་ཀྱི་ས་གནོན་པར་འཚལ་བ། རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས། སངས་རྒྱས་ཀྱི་མཁྱེནད་པ་ཆགས་པ་མྱི་མངའ་ཞིང་སྒྲིབ་པ་མྱི་མངའ
212b7 བས་མཁྱེན་ཅིང་རབ་ཏུ་མཁྱེནད་པ་དེ་ལྟ་བུས་དག་པའི་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱི་བ་དེ་བཞིན་དུ། བདག་ཀྱང་རྗེས་སུ་ཡི་རང་པོའི་མཆོག་གིས་རྗེས་སུ་ཡི་རང་ངོ་།། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ
212b8 འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ
212b9 དང་། བདག་ཉིད་ཆེན་པོ་དང་། ཟི་ལད་ཀྱིས་མྱི་ནོན་པ་དང་། ཡོན་ཏན་གི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་རྗེས་སུ་ཡ~ཾ་རང་བས་རྗེས་སུ་ཡ~ཾ་རང་ངོ་།། ཇི་ལྟར་བདག




iiif viewer powered by OpenSeadragon

212a - 213a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo