| e-texts navigator |
| Wylie |
212a1 དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་བཅོམ་ནས་ཁྱུ་མཆོག་ཏུ་གྱུར་པ། ཁོང་དུ་མ་དེ་ལ་ཡང་རྗེསུ་ཡི་རང་ངོ་པོ།། དགེ་བའི་རྩ་བའི་ཉན་ཐོས་དང་རང་།
212a2 སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ལས་སྐྱེས་པའི་རིག་པ་དང་། རྣམ་པར་གྲོལ་བ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་མ་མཆིས་པ་དང་ལྡན་པ་གང་ལགས་པ་དེ་དག་ལ་ཡང་རྗེས་སུ་ཡ་རང་ངོ་།། བྱང་ཆུབ་སེམས
212a3 དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་ལྡན་པ་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པ་དང་ལྡན་པའི་བར་ཀཽ་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡཾ།
212a4 རང་ངོ་།། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བ་ཞིན་གཤེགས་པ་ལ་མཆོད་པ་དང་རིམ་འགྲོ་བགྱི་བ་བྱང་ཆུབ་སེམས་དཔའ་དབང་བསྐུ་རད་པ་རྣམས་ཀྱི་ཁྱད་པར་དུ་འགྲོ་བ་ཞེས་བགྱི་བས།
212a5 འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལ་གས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ། ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་།
212a6 རིམ་འགྲོ་བགྱི་བ། བྱང་ཆུབ་སེམས་དཔའ་དཀའ་ལྡན་ཀཽ་ཀ་ནས་མཆོག་ན་གནས་པ་རྣམས་ཀྱི་ཁྱད་པར་དུ་འགྲོ་བ་ཞེས་བགྱི་བས་འཛི་ག་རྟེན་གི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ
212a7 དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བགྱི་བ། བྱང་ཆུབ་སེམས་དཔའ་མངལ་ན་གནས་པ་རྣམས་ཀྱི་བསོད་ནམས་ཀྱི་མེ་ཏོག་རྒྱས་པ
212a8 སྙིང་པོ་སྣང་བ་ཞེས་བགྱི་བས།། འཇིག་རྟེན་གི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ། དེ་བཞིན་གཤེགས་པ་ལ་མཆོད་པ
212a9 དང་རིམ་གྲོ་བགྱི་བ། བྱང་ཆུབ་གི་སྙིང་པོ་མཆོག་དམ་པ་ན་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གཙུག་ཀཽ་བླ་མ་ཞེས་བཀྱེ་བས་འཇིག་རྟེན་ཀཽ་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ