e-texts navigator
Collection
Volume
Page
Wylie

211b1 མཉེས་པར་མྱི་འགྱུར་བ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཆོས་ཀྱི་ཁྱད་པར་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་བསྟནད་པ་མངོན་སུམ་ཏུ་ཉན་ཅིང་ཟོས་ནས། སོམ་ཉི་དང་ཡིད་གཉིས་ཟློག
211b2 པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ནས་འབྱུང་བར་རྟོགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས
211b3 སེམས་ཅན་ཐམས་ཅད་ཀྱི་རྟོག་པའི་སེམས་བསྐྱེད་པ་རྙེད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་ཀང་གིས་འགྲོ་བ་ཐམས་ཅད་ཐོགས་པ་མ་མཆིས་པའི་མྱིག་ཐོབ་པ་དེ་ལ་ཡང་རྗེས་སུ་ཡཾ།
211b4 རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངོས་མཉམ་པའི་རྗེས་སུ་མཆི་བ་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བགྱིད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་ཀཱི
211b5 ལུས་མཚན་དང་དཔེའ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཐོབ།། པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀཽ།། ཁྱད་པར་གང་གིས་ཡོན་ཏན་ཐམས་ཅད་རྣམ་པར་དག་པའི་རྒྱན
211b6 ངག་ཡོངས་སུ་དག་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སྟོབས་བཅུས་བརྒྱན་པ་འི་སེམས་རིན་པོ་ཆེ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དོག
211b7 བའི་ཚོགས་ཀྱི་ཁྱད་པར་ཀང་གིས་ཐམས་ཅད་མཁྱེདད་པ་ཉིད་ཀྱི་ཞུགས་ལས་ཕྱིར་མྱི་ལྡོག་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་གཟུངས་ཀྱི་རིགས་ཁོང་དུ་ཆུད་པ་དེ
211b8 ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་གི་ཁྱད་པར་གང་གིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་རྣམ་པར་སྨིནད་པ།
211b9 མྱི་ཟད་པ་ལ་གནས་ཏེ། མངོན་པར་ཤེས་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀཽ་ཁྱད་པར་གང་གིས་སངས་རྒྱས་ཀྱི་ཞིང་གི་རྒྱན་བསྒྲུབ་པ་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།།




iiif viewer powered by OpenSeadragon

211a - 212a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo