| e-texts navigator |
| Wylie |
211a1 ཀྱི་ཆོས་ཐམས་ཅད་སྒྲུབ་པར་འགྱུར་བ། དེ་ལྟ་བུར་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་ཐམས་ཅད་འཆགས་སོ།། ཇི་ལྟར་བདག་གི་དོན་ཏུ་བཤགས་པ་དེ་བཞིན་དུ་འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཟས།
211a2 ཅད་ན། སེམས་ཅད་ཇི་ཙམ་སེམས་ཅན་གི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་ཆགས་སོ།། དེ་ལྟར་བདག་གི་ལས་ཀྱི་ཉེས་པ་སྒྲིབ་པར་འགྱུར་བ་ཐམས
211a3 ཅད་སོ་སོར་བཤགས་ནས། སྒྲུབ་པ་མ་མཆིས་པ་རྣམ་པར་དག་པའི་དཀྱིལ་འཁོར་ལ་གནས་ཏེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ་པོ།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངན་སོང་དབུལ
211a4 པོ་ཡི་དགས་ཀྱི་མྱི་ཁོམ་པར་མཆིས་པར་ཐམས་ཅད་རྣམ་པར་ཟློ། ག་པ་དེ་ལ་ཡང་རྗེས་སུ་ཡཾ་རང་ངོ་།། སེམས་ལ་གནོད་པ་མ་མཆིས་ཤིང་འོད་གསལ་བའི་དགེ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངན་མོང
211a5 དུད་འགྲོའི་སྐྱེ་གནས་ཀྱི་མྱི་ཁོམ་པར་མཆི་བ་ཐམས་ཅད་རྣམ་པར། ཟློག་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སེམས་ཅན་དམྱལ་བའི་མྱི་ཁོམ་པར་མཆི
211a6 བ་ཐམས་ཅད་རྣམ་པར་ཟློག་པ་དེ་ལ་ཡང་རྗེས་ཡི་རང་ངོ་།། བཟང་པོའི་གནས་དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ལྔ་དང་ནྱ་ར་སྐྱེ་བ་ཐམས་ཅད་ཡོངས་སུ་འཛིནད་པ་དེ་ཡང་རྗེས་སུ་ཡི་རང་ངོ་།།
211a7 དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་བསམ་གཏན་གི་དཀའ་བ་དང་། མགུ་པ་དང་། བདེ་བ་ཐམས་ཅད་མྱོང་བ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་འཁོར་བ་ལ་ཡིད་འབྱུང་བ
211a8 སེམས་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། གེ་ཡིན་པའི་ཚོགས་ཀྱི་ཁྱད་པར་གང་གིས་དགེ་བའི་བཤེས་གཉེན་ཡང་དག་པར་ཡོངས་སུ་བཟུང་བ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གི
211a9 དགེ་བའི་བཤེས་གཉེན་རྣམས་ལ་གུས་པོའི་སེམས་རྙེད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་།། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་དེ། མཉེས་ནས་མྱི