e-texts navigator
Collection
Volume
Page
Wylie

210b1 སྒྲིབ་པ་མ་མཆིས་པའི་དཀྱིལ་འཁོར་དང་འཐུན་པར་གྱུར་ད་ནས། ལྷག་པའི་བསམ་པ་ཉོན་མོངས་པའི་རོ་ཆེན་པོ་རྣམ་པར་འཐོར་བ་ལས་བྱུང་བས་སྒྲིབ་པར་འགྱུར་བའི་ལས་དེ་དག་འཆགས་སོ།། མྱི་འཆབ་པོ། འཇིག་རྟེན་གི་ཁཾས
210b2 ཐམས་ཅད་དུ་འཚལ་བར་འགྱུར་བའི་བཤགས་པས་འཆགས་སོ།། བསྩལ་ལོ།། རྣམ་པ་གཞིག་ཀོ།། རབ་ཏུ་གཞོམ་མོ།། སྤང་ངོ་།། འདོན་ཏོ།། ལས་ལ་དབང་བས་དབང་བགྱིའོ།། སྟོབས་བསྐྱེད་པ་བརྙེས་པ་རྣམས་ཀྱི་བདེ་བ་ཉེ།
210b3 བར་བསྟན་པའི་སླད་དུ་ཡོངས་སུ་བསྔོའོ།། གོང་དུ་ཡང་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པར་འཚལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འཚལ་བ
210b4 བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ཐམས་ཅད་ལས་ཡང་དེདག་པར་འདའ་བར་འཚལ་བ། བྱང་ཆུབ་སེམས་དཔའི་སྨོན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འཚལ་བ་དང་། བྱང
210b5 ཆུབ་སེམས་དཔའི་གཏེར་ཐམས་ཅད་ཐོབ་པར་འཚལ་བ། དེ་བཞི་ན་གཤེགས་པ་ཐམས་ཅད་ཀྱི་སྟནད་པ་ཡང་དག་པར་འཛིནད་པར། འཚལ་བ། ཕ་རོལ་ཏུ་ཕྱིནད་པ་ཐམས་ཅད་ཡོངས་སུ་རྫོགས་པ
210b6 བགྱིད་པར་འཚལ་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིནད་པར་བགྱིད་པར་འཚལ་པ། འཇིག་རྟེན་གི་ཁམས་ཡོངས་སུ་དག་པ་ཐམས་ཅད་རྟོག་ས་པར་འཚལ་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད
210b7 པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བརྟོགས་པར་འཚལ་བ་རྣམས་ཀྱིས། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེནད་པ་ཆགས་པ་མྱི་མངའ་ཞིང་སྒྲིབ་པ་མྱི་མངའ་བས་མཁྱེན་ཅིང་རབ་ཏུ
210b8 མཁྱེནད་པ་དེ་ལྟ་བུས་སྒྲིབ་པར་འགྱུར་བའི་ལས་བཤགས་པར་བགྱི་བ་དེ་བཞིན་དུ། ཅི་ནས་ཀྱང་བདག་གིས་བཤགས་པས་ལེགས་པར་བཤགས་པར་འགྱུར་བ་དང་། ཡོངས་སུ་དག་པར་འགྱུར་བ་དང་། འོད་གསལ་བར
210b9 འགྱུར་བ་དང་། ཁ་ན་མ་ཐོ་བ་མ་མཆིས་པར་འགྱུར་བ་དང་། བསྩལ་པར་འགྱུར་བ་དང་། དུཀ་མ་མཆིས་པར་འགྱུར་བ་དང་། སྒྲིབ་པ་མ་མཆིས་པར་འགྱུར་བ་དང་། བར་དུ་གཅོད་པ་མ་མཆིས་པར་འགྱུར་བ་དང་། ཡོན་ཏན




iiif viewer powered by OpenSeadragon

210a - 211a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo