e-texts navigator
Collection
Volume
Page
Wylie

210a1 པ་ཁོང་དུ་མྱི་ཆུད་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་ཡོངས་སུ་འདྲིས་པར་བགྱི་བ་ཁོང་དུ་ཆུད་པ་དང་། ཆོས་མཉམ་པ་ཉིད་མྱི་རྟོགས་པ་དང་། བསོད་ནམས་མཉམ་པ་ཉིད་མྱི་སྐྱེད་པ་དང་།
210a2 ཡེ་ཤེས་མཉམ་པ་ཉིད་ཁོང་དུ་མྱི་ཆུད་པ་དང་། འཁོར་བའི་ཆོས་རྣམས་ཀྱིས་ཀུན་ཏུ་གཞོལ་བར་འགྱུར་བའི་སྒྲིབ་པ་དེ་ལྟ་བུ་ལས་སྩོགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གི་ཆོས་ཐམས་ཅད་ཀུན་ཏུ་བསྒྲུབ
210a3 པ་ལ་མྱི་ཕྱོགས་པར་འགྱུར་བའི་སྒྲིབ་པའི་འགེབས་པ་གྲངས་མ་མཆིས་པ་བརྒྱ་སྟོང་ཕྲག་བཅུ་པོ་དེ་དག་དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུས་པ། ཡེ་ཤེས་གཟིགས་པ
210a4 སྒྲིབ་པ་མྱི་མངའ་བ། ཆགས་པ་མ་མཆིས་པའི་མྱིག་གི་ཡུལ་བརྙེས་པ་མཉམ་པ་ཉིད་ཀྱི་རྗེས་སུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཀྱི་དབྱིངས་མུན་པ་མ་མཆིས་པར་ཞུགས་པའི་ཡེ་ཤེས་ཀྱི་སྱན་བརྙེས་པོའི་དེ་བཞི
210a5 གཤེགས་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔར་བདག་མངོན་སུམ་དུ་གྱུར་པ། བར་མོས་ནས་དེ་བཞིན་གཤེགས་པའི་ཡུལ་ཚད་མྱེད་པར་བརྟ།། གས་སྟེ། སྐྲའི་རྩེ་མོའི་ཆ་ཤས་བཞག་པའི་ཁྱོན་ཙམ་རེ་རེ་ལ་དེ
210a6 བཞིན་གཤེགས་པ་སེམས་ཅན་ཐམས་ཅད་དེ་སྙེད་དུ་ལྷག་པར་མོས་སོ།། སྐྲའི་རྩེ་མོ་འཆི་ཤས་གཅིག་བཞག་པའི་ཁྱོན་ལ་ཇི་ལྟ་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡང་དེ་བཞིན་གཤེགས
210a7 པ་སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ།། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ལུས་ཐོབ་པར་འགྲོ་བ་ཐམས་ཅད་ཀྱི་སེམས་སྙེད་ཀྱིས་ཞབས་ཀྱི་འོག་ཏུ་གཏུགས་ཏེ་ཕྱག་འཚལ་ལོ།། ལུས་ཐོབ་པ་རེ་རེ་ལ་ཡང་མགོ
210a8 རག་ཀཽ་ལམ་ངེས་པའི་ཚིག་སྙེད་དུ་ལྷག་པར་མོས་སོ།། མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཐམས་ཅད་ཀྱི་རྡུལ་རབ་ཏུ་དབྱེ་བ་སྙེད་དུ་ལྷག་པར་མོས་སོ།། ཁའི་སྐེ་རེ་རེ་ལ་ཡང་ལྕེའི་རྩེ་མོ་ཞིང་ཐམས་ཅད་ཀྱི་རྡུལ་རབ་ཏུ་དབྱེ་བ་སྙེད་དུ
210a9 ལྷག་པར་མོས་སོ།། ལྕེའི་རྩེ་མོའི་དཀྱིལ་འཁོར་རེ་རེ་ལ་ཡང་ངེས་པའི་ཚིག་གི་སླར་བཏགས་པའི་ཐ་སྙད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་པྱོད་པ་དང་མཉམ་པས




iiif viewer powered by OpenSeadragon

209b - 210b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo