e-texts navigator
Collection
Volume
Page
Wylie

209b1 པ་ལ་གནོད་པའི་སྒྲིབ་པ་འམ། སྡིག་པའི་གྲོགས་པོ་དང་འདྲེ་བའི་སྒྲིབ་པ་འམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་ལ་སྒྲིབ་པ་འམ། ཆོད་པ་ཡང་རུང་སྟེ་སྒྲིབ་པའི།
209b2 ལས་བགྱིས་ཤིང་བསྩགས་པ། སྒྲིབ་པའི་ཀུན་ནས་ལྡང་བ་གང་གིས་སེམས་ཅན་དམྱལ་བར་མཆི་བར་འགྱུར་བ་དང་། དུད་འགྲོའི་སྐྱེ་གནས་སུ་མཆི་བར་འགྱུར་བ་དང་། ཡི་དགས་ཀྱི་ཡུལ་དུ་མཆི་བར་འགྱུར་བ་དང་། ལྷ
209b3 དབུལ་པོར་འགྱུར་བ་དང་། སངས་རྒྱས་ལ་ལྟ་བ་ཡོངས་སུ་འཛིནད་པ་དང་། ཆོས་ཉནད་པ་ཡོངས་སུ་མྱི་ལེནད་པ་དང་། དེ་བཞིན་གཤེགས་པ་དང་། ཆོས་དང་དགེ་འདུན་དཀོན་མཆོག་མངོན་པར་མྱི་རིག་པར་འགྱུར་བ
209b4 དང་། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མྱི་ཐོབ་པར་འགྱུརར་བ་དང་། དགེ་བའི་བཤེས་གཉེན་ཡང་དག་པར་ཡོངས་སུ་བཟུང་བ་མྱི་རྙེད་པར་འགྱུར་བ་དང་། དགེ་བའི་རྩ་བ་ཆབ་འཚལ་བ་ཡོངས
209b5 སུ་འཛིནད་པར་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིནད་པའི་ལམ་མྱི་ཉན་པར་འགྱུར།། པ་དང་། བདུད་སྡིག་ཅན་རྣམས་ཀྱིས་འཇོམ་པར་འགྱུར་བ་དང་།
209b6 སངས་རྒྱས་ཀྱི་ཆོས་ཐག་རིང་དུ་བགྱིད་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩམ་པའི་སྦྱོར་བའི་ལས་རྣམ་པར་ལྡོག་པར་འགྱུར་བ། དང་། དགེ་བའི་བཤེས་གཉེན་དུ་འཁུ་བར་འགྱུར་བ་དང་། བསམ
209b7 བ་ཡོངས་སུ་དག་པ་མྱི་འཐོབ་པ་དང་། དྲན་པ་བརྗེད་པ་མ་མཆིས་པ་མྱི་འཐོབ་པ་དང་། ཆོས་ལ་ལྟ་བ་མྱི་འཐོབ་པ་དང་། སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ལ་གྱི་མོས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡིད
209b8 གཉིས་འཚལ་བར་འགྱུར་བ་དང་། ཏིང་ངེ་འཛི་ནང་གི་སྒོ་ཁོང་དུ་ཆུད་པ་དང་། ས་ནས་སར་གནས་པ་མྱི་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མྱི་འཐོབ་པ་དང་། ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་རྫོགས
209b9 པར་བགྱི་བ་ལ་བྱས་པ་དང་ལྡན་པ་ཁོང་དུ་མྱི་ཆུད་པ་དང་། སྨོན་ལམ་ཆེན་པོ་ལས་ནུར་བར་འགྱུར་བ་དང་། གྱོད་པ་ཡོངས་སུ་དག་པ་མྱི་འཐོབ་པ་དང་། གཟུངས་ཀྱི་རྒྱད་གྱི་སྣང་བ་མྱི་འཐོབ་པ་དང་། སྤོབས་པའི་རྒྱན་སྣང




iiif viewer powered by OpenSeadragon

209a - 210a

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo