e-texts navigator
Collection
Volume
Page
Wylie

209a1 རིམ་འགྲོར་བགྱིའོ།། ཇི་ལྟར་བདག་གི་དོན་དུ་མཆོད་པ་དེ་བཞིན་དུ། འཇིག་རྟེན་གི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཅི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་ཀི་ཁམས་དེ
209a2 དག་ཐམས་ཅད་ཀྱི་ཆེད་དུ་ཡང་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱིའོ།། དེ་ལྟར་བདག་དེ་བཞིན་གཤེགས་པ་ལ་མཆོད་པའི་སྟོབས་ཀྱིས་བརླན་པའི་སེམས་བསྐྱེད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཉེ་བར
209a3 བརྟན་པ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་དང་ལྡན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་ཀྱི་རླབས་ཀྱི་མཛོད་ཀྱི་རྗེས་སུ་ཞུགས་པར་གྱུར་ད། ཤེས་རབ་དང་ཐབས་ཀྱི་སྟོབས་ཆེན་པོས་ཡོངས
209a4 སུ་གཟུང་བར་གྱུར་ད། བདུད་ཀྱི་ལམ་དང་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་གྱུརྡ་ནས། སྒྲིབ་པར་འགྱུར་བའི་ལས་ཐམས་ཅད་བཤགས་པར་བགྱི་སྟེ། གང་སངས་རྒྱས་བཅོམ་ལྡན
209a5 འདས་རྣམས་ཀྱིས་བཀའ་མ་སྩ་ལད་པ་དང་། གང་སེམས་ཅན་ད། མ་པ་རྣམས་ཀྱིས་རྣམ་པར་སྤངས་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་དང་། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས
209a6 ཡོངས་སུ་སྤངས་པ་དང་། གང་འཕགས་པ་རྣམས་ཀྱིས་བསྲུང་བ་དང་། ཀང་མཁས་པ་རྣམས་དང་ཞེ་འགྲས་པ་དང་། གང་རིག་པ་རྣམས་ཀྱིས་བོར་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུཀ་གིས་རབ་ཏུ
209a7 གཟི་རད་པའི་དབང་གིས་བྱུང་བ་འམ། ང་རྒྱལ་དང་འཆབ་པ་དང་། འཁོན་དུ་འཛིནད་པའི་དབང་གིས་བྱུང་བ་འམ། ཕྲག་དོག་དང་སེར་སྣ་དང་མྱ་ངན་ཀཾ་དབང་གིས་བྱུང་བ་འམ། སྤུ་དང་ཀཡོའི་དབང་ཀཽས་མ་བྱུང་བ་འམ།
209a8 མངོན་པར་ཞེནད་པའི་སྟོབས་ཀྱིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པ་འམ། ཆོས་ཀྱི་སྒྲིབ་པ་འམ། ཉོན་མོངས་པའི་སྒྲིབ་པ་འམ། ལྟ་བའི་སྒྲིབ་པ་འམ། མྱི་ཤེས་པའི་སྒྲིབ་པ་འམ། རྣམ་པར་སྨིནད་པའི་སྒྲིབ་པ
209a9 འམ། ཆོས་ཀྱིས་འཕོངས་པར་འགྱུར་བའི་སྒྲིབ་པ་འམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་སྒྲིབ་པ་འམ། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་སྒྲིབ་པ་འམ། དགེ་བའི་རྩ་བ་ཐམས་ཅད་སྲོགས




iiif viewer powered by OpenSeadragon

208b - 209b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo