| e-texts navigator |
| Wylie |
208b1 པར་སྐྱོང་པར་འཚལ་བ། དབང་པོའི་རྒྱུད་ལ་ལྟ་བར་འཚལ་བ། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་རྣམ་པར་འཕྲུལ་པར་འཚལ་བ། འགྲོ་བའི་འཁོར་ལོ་ཐམས་ཅད་བསྡུ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར།
208b2 སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེནད་པ་ཆགས་པ་མྱི་མངའ་ཞིང་། སྒྲིབ་པ་མྱི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེནད་པའི་དེ་ལྟ་བུས། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱི་བ་དེ་བཞིན་དུ
208b3 བདག་གིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མཆོད་པ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་རབ
208b4 འབྱམ་ལས་ངེས་པར་བྱུང་བ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་གནས་པའི་ཡུལ་གི་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱིའོ།། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི
208b5 སླད་དུ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་འགྲོ་བཀྱི་བ་གཙུག་ཀཽ་བླ་མ་ཞེས་བགྱི་བས། འཇིག་རྟེན་ཀཾ་ཁམས་རབ་འ། བྱམ་ཐམས་ཅད་དུ་འཇུག་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ
208b6 འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིནད་པ་ལས་བྱུང་བ། མ་སྐྱེས་པའི་ཆོས་ལས་བྱུང་བ། བྱང་ཆུབ་སེམས་དཔའི་རིགས་བཙུན་པར་སྐྱེས་པའི་ཡེ་ཤེས་ཀྱི་མྱིག་གིས་རེག་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྒྱས
208b7 པར་འགེངས་པས། འཇིག་རྟེན་གི་ཁམས་ཆོས་ཀྱི་དབྱིངས་སུ་གཏོགས་པའི་མྱིང་གིས་ཁྱབ་པ་མང་པོ་དག་ན། ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུན།
208b8 པ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེ་ཁམས་རྣམས་སུ་འཇུག་གོ།། དེ་བས་ཀོང་དུ་ཡང་མཆོད་པ་ཀོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ། དགེ་བའི་རྩ་བ་ཆེན་པོའི་ཤུགས་ཀྱིས་བསྐྱེད་པ་རྡོ་རྗེའི་དབང་པོ་སྣང་བ
208b9 བར་བགྱིད་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་སྣང་བའི་ཏོག་ཀཽ་རྒྱལ་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་སྟི་སྟང་བགྱིའོ།། བཙུན་པར་བགྱིའོ།། རི་མོར་བགྱིའོ།། མཆོད་དོ། གསོལ་ལོ།