e-texts navigator
Collection
Volume
Page
Wylie

208a1 ཀུན་ཏུ་བཟང་བ་དང་། སངས་རྒྱས་ཀྱི་རྒྱན་གྱི་ལུས་ཀྱི་ལས་དང་། ངག་གཽ་ལས་དང་། ཡིད་ཀྱི་ལས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། བསྟོད་དོ།། བཀུར་རོ།། བསྔགས་སོ།། རབ
208a2 ཏུ་བསྔགས་སོ།། འདུད་དོ།། རབ་ཏུ་འདུད་དོ། ཕྱག་བགྱིའོ།། ཀཞོལ་ལོ།། བལྟའོ་བརྟག་གོ།། དམྱིགས་པ་དཔག་ཏུ་མ་མཆིས་པ་དང་ལྡན་པའི་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང
208a3 ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མེ་དང་། བཀོད་པ་དང་། ལྷབ་ལྦུབ་དང་། མཆོད་རྟེན་རྩིག་པ་དང་། སྐུ་གཟུགས་བགྱི་བ་དང་། རིན་པོ་ཆེ་དང་། རྒྱན་དང་། བཞོན་པ་དང་། འཆག
208a4 ས་དང་། གཙུག་ལ་ཀཿཁང་དང་། ཡོ་བྱད་ཐམས་ཅད་བཀོད་པ་ནཾ་པར་དག་པ་རྒྱ་ཆེན་པོ་འདི་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་དག་ལ་སྟ~ཾ་སྟང་དུ་བགྱིའོ།། བཙུན་པར་བགྱིའོ།། མར་རྒྱ་མེད་དགས་རྫམ་མན་ཀྱི
208a5 པ་མོས་པའི་སྟོབས་ལས་ངེས་པར་བྱུང་བ། ཁམས་གསུམ་པ་ལས་ཤིན་ཏུ་འདས་པ། ཉོན་མོངས་པ་མ་མཆིས་པའི་ཆོས་ལས་བྱུང་པ། མངོན་པར་འདུ་བྱེད་པ་མ་མཆིས་པོའི་ཕྱག་རྒྱས་བཏབ་པ། ཡེ་ཤེས
208a6 སྒྱུ་མ་ལས་ཤི་ནད་ཏུ་ཡོངས་སུ་གྲུབ་པ། ལས་སྒྱུ་མ་ལས་ཤི་ནད་ཏུ་རྣམ་པར་ཕྱེ་བ། གནས་ཐམས་ཅད་ལས་སྤགས་པ། འཇིག་རྟེན་སྒྱུ་མ་ལས་བྱུང་བ། ངོ་བོ་ཉིད་ཀྱི་ཆོས་དང་འབྲེལྡ་པ་ཡང་དག་པར་རྫོགས་པའི
208a7 སངས་རྒྱས་ཀྱིས་བཀའ་སྩལང་པོའི་མཆོད་པས། དེ་བཞིན་གཤེགས་པ་དེ་དག་ལ་སྟི་སྟང་དུ་བགྱིའོ།། བཙུན་པར་བགྱིའོ།། རི་མོར་བགྱིའོ།། མཆོད་དོ།། གསོལ་ལོ།། རིམ་འགྲོ་བགྱིའོ།། གོང་དུ་ཡང་བྱང་ཆུབ་སེམས་དཔའ་དེ
208a8 བཞིན་གཤེགས་པའི་རྒྱུད་བསབ་པར་འཚལ་བ། སེམས་ཅན་ཀྱི་རྒྱུད་ཡོངས་སུ་སྨྱིན་པར་བགྱིད་པར་འཚལ་བ། ཞིང་གི་རྒྱུད་རྣམ་པར་སྦྱོང་བར་འཚལ་བ། ལས་ཀྱི་རྒྱུད་དང་མྱི་འགལ་བར་འཚལ་བ། ཆོས་ཀྱི་རྒྱུད་རབ་ཏུ
208a9 རྣམ་པར་འབྱེད་པར་འཚལ་བ། དུས་གསུམ་ཀཽ་རྒྱུད་རྣམ་པར་རྟོག་པར་འཚལ་བ། ཕྱོགས་ཀྱི་རྒྱུད་ལ་རབ་ཏུ་འཇུག་པར་འཚལ་བ། འདོད་ཆགས་མ་མཆིས་པའི་རྒྱུད་ལ་རབ་ཏུ་དགོད་པར་འཚལ་བ། མོས་པའི་རྒྱུད་རྣམ




iiif viewer powered by OpenSeadragon

207b - 208b

Texts on this page

Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo