| e-texts navigator |
| Wylie |
207b1 མྱི་ཟད་ཅིང་། ཐུག་པ་མྱེད་པའི་ཡོན་ཏན་གྱི་བསྔགས་པ་བསྟནད་པའི་ཁྱད་པར་བརྙེས་པ་དེ་དག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་གང་རྣཾ།
207b2 ལས་དེ་བཞིན་གཤེགས་པ་རེ་རེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། བསྐལྡ་པ་མཐའ་ཡས་པར་བསྔགས་པ་བརྗོད་ཀྱང་། དེ་བཞིན་གཤེགས་པ་དེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི
207b3 བསྔགས་པ་ཕུན་སུམ་ཚོགས་པ་ཡང་མྱི་ཟད་ཅིང་ཟུག་པ་མ་མཆིས་ལ། དེ་བཞིན་གཤེགས་པ་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཡང་ཐུག་པ་མ་མཆིས་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཚུལ
207b4 ཁྲིམས་དཔག་ཏུ་མ་མཆིས་པ་དེ་དག་ལ་མོས་པོའི་མཆོག་གིས་མོས་སོ།། གཙོ་བོ་དང་། དམ་པ་དང་། ཁྱད་པར་ཏུ་འཕགས་པ་དང་། རབ་དང་། ཕྱལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ
207b5 པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པ་དང་། མཚུངས། པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ། དང་། ཟིལ་ཀྱིས་མྱི་ནོནོད་པ་དང་། ཡོན་ཏན་གི་ཆོས་ཐམས་ཅད
207b6 སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་ད་པའི། མོས་པས་ལྷག་པར་མོས་སོ།། ཚུལ་ཁྲིམས་ལ་ཇི་ལྟ་བ་དེ་བཞིན་དུ། ཏིང་ངེ་འཛིནད་དང་། ཤེས་རབ་དང་། རྣམ་པར
207b7 གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། དེ་བཞིན་དུ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དཀའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དེ་བཞིན་དུ་སྟོབས་དང་། མྱི་འཇིགས་པ་དང་། དེ
207b8 བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བ་དག་ལ་ལྷག་པར་མོ་སོ།། མོས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། བསྟོད་དོ།། བཀུར་རོ།། བསྔགས་སོ།། རབ་ཏུ
207b9 བསྔགས་སོ།། བདུད་དོ།། རབ་ཏུ་འདུད་དོ།། ཕྱག་བགྱིའོ།། གཞོལ་ལོ།། བལྟའོ།། བརྟག་གོ།། བྱམས་པོའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་།