e-texts navigator
Collection
Volume
Page
Wylie

207a1 པ། སྒྲ་དང་ཕྱི་རྣམས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས། ཟ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།།
207a2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ།། བྱང་ཆུབ་སེམས
207a3 དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་དོ།། །། ། འཕགས་པ་ས་སུ་ལྡང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།། །
207a4 །། ། རྒྱ་གར་སྐད་དུ། ཨརྱ་དེ་ཏྲི་སྐན་དཱ་ན་མ་མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་དཔ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལ།།
207a5 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱེ་དགོན་པ་ན་བཞུགས་ཏེ། འདས་པ་དང
207a6 མ་བྱོནད་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ལེགས་པར་ཐུགས་སུ་ཆུད་པའི་བློ་མངའ་བ། སངས་རྒྱས་ཟམ་ས་ཅད་དང་མཉམ་པ་ཉིད་བརྙེས་པ། ཆོས་ཀྱི་སྐུ་གཉིས་སུ་མྱེད
207a7 པ་ལ་རྟེནད་ཅིང་གནས་པ། ནམ་མཁའ་དཀྱིལ་ཡུལ་ཏུ་གྱུར་ད་ཅིང་ཐུག་པ་མྱེད་པའི་ཡེ་ཤེས་མངའ་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རབ་ཏུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཀྱི་ཅོད་པན་ཆགས་པ་མྱེད་པ། མཆོག་དམ་པ་རྗེ།
207a8 མ་མྱེད་པས་བཅིངས་པ། སོ་སོ་ཡང་དག་པར་རིག་པ་ཆེན་པོ་རྗེས་སུ་བསྒྲགས་པས་ཤི་ནད་ཏུ་རྣམ་པར་ཕྱེ་བའི་དབྱངས་ཅན། བསོད་ནམས་མྱི་ཟད་པའི་མཛོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡངས་ཤིང་འོད་གསལ་བ། ཉོན
207a9 མོངས་པ་མྱེད་པའི་ཆོས་ཐུགས་སུ་ཆུད་པས་མྱི་རྟེནད་པར་གནས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཤཾ་ནང་ཏུ་རྣཾ་པཱ་ཀྲོལ་བའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པ། བསྐལ་པ་བྱེ་བ་དཔག་ཏུ་མྱེད་པར་ཡོན་ཏན་གི་ཆོས་ཡོངསུ་བརྗོད་ཀྱང




iiif viewer powered by OpenSeadragon

206b - 207b

Texts on this page

Ng15.7 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo
Ng15.8 - 'phags pa phung po gsum pa zhes bya ba theg pa chen po'i mdo